སད་མི་བདུན་

ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་མཁན་ཆེན་བྷོ་ངྷི་སཏྭས་བོད་མིས་རབ་བྱུང་གི་བསླབ་སྡོམ་སྲུང་ནུས་མི་ནུས་ཚོད་བལྟའི་ཕྱིར་དུ་ཐམས་ཅད་ཡོད་སྨྲའི་ལུགས་བཞིན་ཐོག་མར་རབ་ཏུ་བྱུང་བ་མི་བདུན་ཏེ་ སྦ་གསར་སྣང་ མཆིམས་ཤཱཀྱ་བྲ་བྷ་ པ་གོར་བེ་རོ་ཙ་ན་ ངན་ལམ་རྒྱལ་བ་མཆོག་དབྱངས་ རྨ་རིན་ཆེན་མཆོག་འཁོན་ཀླུའི་དབང་པོ་། གཙང་ལེགས་གྲུབ་རྣམས་སོ་ སྦ་ཡེ་ཤེས་དབང་པོ་རབ་ཏུ་བྱུང་བའི་མཚན་འཁོར་ཀླུའི་དབང་པོ་ཡིན་པར་ཡང་བཤད་། ལོ་རྒྱུས་གཅིག་ལ་འཁོར་ལ་ཀླུའི་དབང་པོ་སད་མི་མི་བདུན་ལ་མི་ཐེ་ཟེར་འདུག་ཀྱང་བརྟགས་པའི་ཆོས་སོ་། ཨོ་རྒྱན་གླིང་པའི་《པདྨ་བཀའ་ཐང་》ལས་ སད་མི་མི་བདུན་ནི་། ༡.སྦང་གསལ་སྣང་ (སྦ་ཡེ་ཤེས་དབང་པོའང་ཟེར་)༢.སྦས་དཔའ་དབྱངས་། ༣.ངན་ལམ་རྒྱལ་བ་མཆོག་དབྱངས་། ༤.ལྟ་ལུང་དཔང་རྟོད་། ༥.རྨ་རིན་ཆེན་མཆོག་། ༦.ལ་སུམ་རྒྱལ་བ་བྱང་ཆུབ་། ༧.མཁས་པ་བེེ་རོ་ཙ་ན་བདུན་ནོ་། འདི་ལ་འདྲེན་ལུགས་གཞན་ཡང་ཡོད་དེ་ སྔོན་གྱི་བཀའ་་ཆེམས་རྮིང་མ་ལས་། ༡.སྦས་རརྣ་རཀྵི་ཏ་རིན་ཆེན་བསྲུང་བ་། ༢.ཛྙཱནྷྲ་རཀྵི་ཏ་ཡེ་ཤེས་དབང་པོ་བསྲུང་་བ་ ༣.རེརྣ་ནྟྲ་རཀྵི་ཏ་རིན་ཆེན་ཤེས་དབང་པོ་བསྲུང་བ་། ༤.རླངས་སུ་ག་ཏ་ལྦརྨ་རཀྵི་ཏ་བདེ་བར་གཤེགས་པའི་ཆོ་ག་བསྲུང་བ་། ༥.བེེ་རོ་ཙ་ན་རཀྴི་ཏ་རྣམ་པར་སྣང་མཛད་བསྲུང་བ་། ༦.འཁོར་ན་གིནྷྲརཀྴི་ཏ་ཀླུའི་དབང་པོ་བསྲུང་བ་ ༧.ཙང་པ་དེ་ཝནྷྲརཀྴི་ཏ་ལྷའི་དབང་པོ་བསྲུང་བ་དང་བདུན་ནོ་། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

མཱར་ཁོ་ཕོ་ལོ།ཏཱ་ལའི་བླ་མ་ཚད་མ་རྣམ་འགྲེལ།རྒྱུན་མཐོང་རིག་ཚན་སོ་སོའི་མིང་སྐད་གསམ་ཤན་སྦྱར།རབ་གནས།སའི་གོ་ལ།ལུགས་ཀྱི་བསླབ་བྱ་མུ་ཏིག་ཕྲེང་མཛེས་ཏུ་ཝ་ལུ།ལེ་པ་ནོན།བྷར་སེ་ལོ་ནཱ།གཅན་ཚ།ཟླ་བ།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།མང་སྲོང་མང་བཙན།རྗེ་ཤེས་རབ་སེང་གེ་ཟླ་༣ཚེས་༩ཉིན་སྟག་རི་གཉན་གཟིགས།རིག་བྱེད།ལ་དྭགསརྨ་ཆུ།ཟླ་༢ཚེས་༡༣ཉིན་འུན་ཤིང་ཀོང་ཇོ།ཡུ་ཊོབ་སྤེན་པའི་གདུབ་ཀོར།ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚནཚེ་མདོརྟེན་འབྲེལ་ཡན་ལག་བཅུ་གཉིས།གཡགཚན་རིགསྨྱུག་རྩ།ནེ་བ་ད།ཆེས་མཐའ་མཇུག་གི་མཇལ་འཕྲོད།(སྒྲུང་རྩོམ) བེ་རི་འཇིགས་མེད།ཧྥི་ཇི།༢༧ (གྲངས་ཀ།)ཕོ་བྲང་པོ་ཏ་ལ་དབྱིན་ཡིགཟླ་༡༢ཚེས་༣ཉིན་ཁྲི་རལ་པ་ཅན།ཨིསུ་ཊོ་ནིཡ།མཁས་གྲུབ་རྗེ།ཨང་གོ་ལ།ད་ལྟའི་བྱ་བ།སྣར་ཐང་སྔགས་བཀླག་ཐབས་སུད་སི།རིག་གནས།བླ་མ།དཔལ་དུས་ཀྱི་འཁོར་ལོ་ཐང་སྟོང་རྒྱལ་པོ།རྒྱལ་སྲས་ལག་ལེན་གྱི་མཚམས་སྦྱོར།ཤུགས་རིག་པ།རིག་འཛིན་བདུད་འདུལ་རྡོ་རྗེ་འཇམ་དཔལ་མཚན་བརྗོད་༢༠༡༦ལོ།ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་ལྷ་ས་གཙུག་ལག་ཁང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་མྱང་རལ་ཉི་མ་འོད་ཟེར་ཚོགས་གླུ་རྣམ་དབྱེ་བརྒྱད་མ་ད་གཱ་སི་ཀར།ཞོན་ཙང་།ཀེ་རི་སིའི་སྐད།ལིབ་རེ་ཝིལ།གློག་རིག་པ།🡆 More