ལམ་རྗེས་ཤེས་

ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་གི་ཡ་གྱལ་ཞིག ལམ་རྗེས་སུ་རྟོགས་པའི་ཤེས་པ་སྟེ། ལམ་རྗེས་བཟོད་ཀྱི་མཇུག་ཐོག་དེ་མ་ཐག་ཏུ་ཁམས་གོང་མ་གཉིས་ཀྱི་ལམ་བདེན་ལ་དམིགས་པའི་བདག་མེད་རྟོགས་པའི་སྒོམ་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས་སོ།། ལམ་རྗེས་ཤེས་རང་རྒྱུད་ལ་འཐོབ་ན་ཁམས་གསུམ་གྱི་བདག་འཛིན་ཀུན་བཏགས་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ལས་དང་སྤངས་ཟིན་པ་ཡིན། ཤེས་བཟོད་སྐད་ཅིག་མ་བཅོ་དྲུག་ལས་དང་པོ་སྡུག་བསྔལ་ཆོས་བཟོད་ནས་བཅོ་ལྔ་པ་ལམ་རྗེས་བཟོད་བར་གྱི་སྐད་ཅིག་མ་བཅོ་ལྔ་ནི་མཐོང་ལམ་ཡིན་ཏེ་བདེན་པ་སྔར་མ་མཐོང་བ་མངོན་སུམ་དུ་མཐོང་བའི་ཕྱིར། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་ཡིན་ཏེ། སྔ་མ་རྣམས་ཀྱིས་མཐོང་ཟིན་པའི་བདེན་པ་ལ་དམིགས་ནས་ལམ་གོམས་པར་བྱེད་པའི་ཕྱིར་རོ། །ཇི་སྐད་དུ་མཛོད་ལས། བཟོད་དང་ཤེས་ལ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་གསུངས་པ་ལྟར་རོ།། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

གླང་ཆེན།ཨོ་སེ་ཐེ་ལི་ཡ།རི་དྭགས་ཆོས་འཁོར་ཌོ་མི་ནི་ཀརྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།བསེ་རུ།ཐེ་རོན་ཕུ།མཚོ་གླང་།སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།ལི་ཐུ་ཨེ་ནི་ཡ།ལྷོ་ཀོ་རི་ཡ།གུ་རུའི་རྣམ་ཐར།༥༡ (གྲངས་ཀ།)ཧེན་རིག་ཆི་ཧཱ་རཱར།བོད་མི།རོ་མ་ནི་ཡ།གུ་རུ་ཆོས་ཀྱི་དབང་ཕྱུག་ཅིན་རྒྱལ་རབས།ཧེན་ཐའེ།སྒོག་ལོགཁམས་དཀར་གཏོང་བ་དབུས་མཐའ་རྣམ་འབྱེད་ཁམས་གསུམ་ཚད་མ་རིག་པའི་ཤེས་བྱ་སྦི་རགབརྡ སྐདཔེ་རུ་ཇི་ནོ།ཁ་ཆེ་ཕུ་ལུ་པོར་ཊོ་-ནོ་བོ།མི་བཟོས་རིག་ནུས།ཞོགས་དུང་།རྡོ་རྗེ་བྲག་དགོན།དགེ་བ་བཅུ་ཧྥ་ར་ཨན་ཇེ་ལི་ཁོ།གླང་མདུན་དཔལ་འབྱོར་སྙན་ངགགུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།དབང་ཕྱུགཧྥིན་ལན།མེ་འཁོར།ཨན་ཀ་ར།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་རྟེན་འབྲེལ་ཡན་ལག་བཅུ་གཉིས།དཀར་པོ།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་ཀླུ་ཥིང་ཧེལ་སིན་ཀི།ལོ་སྐོར་བཅུ་གཉིས་རྒྱ་ཡིགལྗེས་ཧ་སྒྲིའམ།རྒྱལ་སྤྱིའི་སྒྲ་རྟགས།རང་བྱུང་གྲངས།སེལ་འོ་སུ་འན་གྱི་སྐདཔུ་རུ་ཟི་ལི་ཡ།ཐའི་ལེན།ཋེག་ཟ་སི།སའི་གོ་ལ།རྒྱལ་ཆེན་བཞི་ཡི་ཆ་ལུགས་ཀྱི་སྐོར་སྐར་མ་གནམ་རྒྱལ།ཇིང་ཁི་ཁན།ལྷོ་ཨ་ཧྥེ་རི་ཁ།ལོ་རྟགས་ཀྱི་བདུན་ཟུར་སྨུག་པོའི།ཝིར་ཇི་ནི་ཡ།ཚེ་མདོབོན།རྩིས་རིགཇ་རྟའི་གནའ་ལམ་མ་ལ་སུང་རྒྱུགས་འགྲན།རྡོ་ཆས་སྤྱོད་པའི་དུས་རབས།🡆 More