ཨ་རབ་ཀྱི་མི་

ཨ་རབ་ཀྱི་མི The Arabs

ཨ་རབ་ཀྱི་མི་གཙོ་བོ་ཨ་རབ་ཀྱི་རྒྱལ་ཁབ་ནང་ཁུལ་དུ་ཁྱབ་ནས་ཡོད་ལ། ཨ་རབ་ཀྱི་སྐད་ནི་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཕྱོགས་སྐད་རིགས་ཡིན། དེ་ནི་ཧྲན་ཧན་སྐད་ཁོངས་ཀྱི་ཧྲན་མི་ཐེའི་སྐད་རིགས་ལ་གཏོགས། རིགས་རྒྱུད་སོ་སོར་ལུང་སྐད་མང་དུ་བདོག་མོད། མང་ཤས་ཀྱིས་སྔར་བཞིན་ཨ་རབ་ཀྱི་སྐད་རྒྱག དུས་རབས6པ་ནས་བཟུང་ཨ་ལ་མིའི་གསལ་བྱེད་ཡི་གེར་བཀོལ་ལ། མང་ཤས་ཀྱིས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད།


ངོ་སྤྲོད།

ཨ་རབ་ཀྱི་མི་ནི་ཡ་གླིང་ནུབ་མ་དང་ཧྥེ་གླིང་བྱང་མའི་ཨ་རབ་ཀྱི་སྐད་རིགས་རྒྱག་མཁན་གྱི་སྡོད་དམངས་ལ་བྱ། དེང་རབས་ཀྱི་ཨ་རབ་མི་ནི་རིག་གནས་ཐུན་མོང་ཚོགས་པ་ཞིག་ཡིན་པ་ལས་རིགས་རྒྱུད་གཅིག་མིན། ཁྲག་རྒྱུད་རིང་བཞིན་ཞིག་ཡིན་ལ་རྒྱ་རིགས་དང་འདྲ་བར་གཅིག་རྐྱང་གི་མི་རིགས་ཤིག་ཡིན། ཨ་རབ་ཅེས་པའི་མིང་འདི་ཆེས་སྔ་མོར་སྤྱི་ལོ་སྔོན་མའི་དུས་རབས་དགུ་བར་བྱུང་ཞིང་། ཡོ་རོབ་གླིང་གི་མིས་ཁོ་ཚོར་ས་ལ་སེང་གྱི་མི་ཟེར། ཤར་རྒྱུད་དབུས་མའི་རྒྱལ་ཁབ་དག་དང་ས་ཁུལ་མང་ཆེ་བའི་སྡོད་དམངས་ནི་ཨ་རབ་ཀྱི་མི་ཡིན་ལ། ཨ་རབ་ཀྱི་མི་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་ལས་བརྒལ་བའི་མི་རིགས་ཆེས་མང་ཤས་ཡིན་ལ། གཙོ་བོ་ཡ་གླིང་ནུབ་མ་དང་ཧྥེ་གླིང་ལྷོ་མའི་རྒྱལ་ཁབ་དག་དང་། ཡང་སྐོར་ཞིག་ཐུར་ཁེ་དང་དབྱི་ལང་། ཨ་ཧྥུ་ཀ་ནི་སི་ཐན། ཧིན་རྡུ་ཉི་ཞི་ཡ། ཨེ་སའེ་ཨོ་པི་ཡ། སོ་མ་ལི་སོགས་རྒྱལ་ཁབ་མང་དག་ཅིག་ལ་ཁྱབ་ཡོད། ཚོད་དཔག་བྱས་ན་མི་འབོར་དུང་ཕྱུར2.3ལྷག་ཡོད།

འབྱུང་ཁུངས།

ཨ་རབ་ཀྱི་མིའི་འབྱུང་ཁུངས་གནའ་རབས་ཀྱི་ཧྲན་མི་ཐེའི་ཚོ་བ་དང་འབྲེལ་ཡོད། ཁོ་ཚོས་རང་ཉིད་དབྱི་ཧྲི་མ་ལིའི་རྗེས་རབས་པ་ཡིན་པར་འདོད། ལོ་རྒྱུས་སྟེང་གི་ཡ་ཧྲུའུ་མི་དང་ཨ་ལ་མིའི་མི། ཅ་ནན་གྱི་མི་དང་ཕའེ་ཉི་ཅིའི་མི། ཡུའེ་ཐའེ་མི་དང་གཉེན་བཤེས་ཀྱི་འབྲེལ་བ་ཡོད་པར་བཞེད། དུས་རབས་བདུན་པའི་དུས་སྟོད་ལ། དབྱི་སི་ལན་ཆོས་ལུགས་དར་རྗེས། ཨ་རབ་ཀྱི་ཚོ་བ་སོ་སོ་དབྱི་སི་ལན་གྱི་དར་ཆས་འོག་གཅིག་གྱུར་བྱས་པ་དང་། རེམ་མྱུར་གྱིས་ཕྱི་ལ་རྒྱ་བསྐྱེད་པ་རེད། དུས་རབས་བརྒྱད་པའི་དུས་དཀྱིལ་ལ་ཤར་ཕྱོགས་ཀྱི་ཧིན་རྡུ་གཙང་བོ་ནས་མགོ་བརྩམས་ཏེ། ནུབ་ཀྱི་ནུབ་རྒྱ་མཚོ་ཆེན་མོའི་བར། ཡ་གླིང་དང་ཧྥེ་གླིང་ཨོའུ་གླིང་གསུམ་འཕྲེད་དུ་བརྒལ་ནས་ཨ་རབ་བཙན་རྒྱལ་བཙུགས་པ་རེད། ཧ་ལི་ཧྥ་ཆེན་མོ་བཞིའི་སྐབས(སྤྱི་ལོ་སྔོན་གྱི632ལོ—སྤྱི་ལོ་སྔོན་གྱི661ལོ)རྒྱལ་ས་མའེ་ཏི་ན་རུ་བཙུགས། རྗེས་སུ་ཁུའུ་ཧྥ་རུ་སྤར། དུས་རབས་བཅུ་བ་ནས་བཟུང་། སྟོབས་ཤུགས་རིམ་བཞིན་རྒུད་དེ། ཁ་བྲལ་དུ་སོང་བ་དང་ཧ་ལི་ཧྥ་སྲིད་དབང་མང་པོ་བཙུགས། སྤྱི་ལོ1055ལོར་སའེ་ཨེར་ཀྲུའུ་ཐུའུ་ཁོ་མན་གྱི་མིས་པ་ཀོ་ཏ་བཙན་བཟུང་བྱས་པ་དང་། ཤར་ཕྱོགས་ཀྱི་ཧ་ལི་ཧྥ་ཡི་རྒྱལ་ཁབ་དག་རིམ་བཞིན་ཉམས་རྒུད་དུ་སོང་བ་རེད། ནུབ་ཕྱོགས་ཀྱི་ཧ་ལི་ཧྥ་རྒྱལ་ཁབ་དག་ཀྱང་སྔ་རྗེས་སུ་བསྣུབས་པ་རེད། འོན་ཀྱང་ཧ་ལི་ཧྥ་ཡི་མིང་དེ་མ་ཉམས་པར་སྤྱི་ལོ1258བར་གནས་པ་རེད།

འཚོ་གནས།

ཨ་རབ་ཀྱི་མི་གཙོ་བོ་ཨ་རབ་ཀྱི་རྒྱལ་ཁབ་ནང་ཁུལ་དུ་ཁྱབ་ནས་ཡོད་ལ། ཨ་རབ་ཀྱི་སྐད་ནི་ཨ་རབ་རྒྱལ་ཁབ་ཀྱི་གཞུང་ཕྱོགས་སྐད་རིགས་ཡིན། དེ་ནི་ཧྲན་ཧན་སྐད་ཁོངས་ཀྱི་ཧྲན་མི་ཐེའི་སྐད་རིགས་ལ་གཏོགས། རིགས་རྒྱུད་སོ་སོར་ལུང་སྐད་མང་དུ་བདོག་མོད། མང་ཤས་ཀྱིས་སྔར་བཞིན་ཨ་རབ་ཀྱི་སྐད་རྒྱག དུས་རབས6པ་ནས་བཟུང་ཨ་ལ་མིའི་གསལ་བྱེད་ཡི་གེར་བཀོལ་ལ། མང་ཤས་ཀྱིས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད། དེའི་ནང་ནའང་མང་ཤས་ཞུན་ཉི་གྲུབ་མཐའ་ལ་གཏོགས། འགའ་རེ་ཧྲི་ཡེ་གྲུབ་མཐའ་ལ་གཏོགས། གཞན་ལི་པ་ནོན་དང་སི་རི་ཡ། ཕ་ལེ་སི་ཐན། ཅོར་ཏན་སོགས་ཀྱི་མི་འབོར་ཉུང་ཤས་ཤིག་ཡེ་ཤུའི་ཆོས་ལུགས་ལ་དད། མཛད་རྗེས། ཨ་རབ་ཀྱི་མི་ལ་འཛམ་གླིང་ལ་མངོན་རིན་ཡོད་པའི་མཛད་རྗེས་མང་དུ་བདོག་སྟེ། དཔེར་ན། རིག་གནས་བསམ་བློ་དང་རིག་གནས་བརྗེ་རེས། གྲངས་རིག་དང་རྩོམ་རིག གནམ་དཔྱད་རིག་པ། མཚན་ཉིད་རིག་པ། གསོ་བ་རིག་པ། དངོས་ལུགས་རིག་པ། རྫས་འགྱུར་རིག་པ། ས་ཁམས་རིག་པ། ལོ་རྒྱུས་རིག་པ། སློབ་གསོ། སྒྱུ་རྩལ་དང་འཛུགས་སྐྲུན། ལོ་ཙཱ་སོགས་སྣ་གང་ཅིའི་ཐད་ནས་འཛམ་གླིང་སྟེང་ལ་བྱས་རྗེས་མི་དམན་པ་བཞག་ཡོད།

Tags:

🔥 Trending searches on Wiki བོད་སྐད:

སྤྱན་རས་གཟིགས།མངལ་གྱི་གནས་སྐབས་ལྔ་ཝར་སོ།སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་ཐའི་ལེན།མིའི་རིགས་ཀྱི་ཆགས་སྦྱོར་གྱི་བྱ་སྤྱོད།མ་ལི།སྲོག་ཆགས་རིན་ཆེན་ཚ་སྦྱོར་ཆེན་མོ་རིག་གནས་བཅུ།དག་ཡིག་ཟ་མ་ཏོག་རྒྱན་དྲུག་མཆོག་གཉིས་བསྟོད་པ་ཆུ་འཛིན་དཀར་པོ་མ།ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གློ་བ།སྡེབ་སྦྱོར་རིན་ཆེན་རྒྱ་མཚོ།འཁོར་གཡུགས་གཙོག་སྐྱོན།སྣང་སྲིད་རིག་པ།མཁན་སློབ་ཆོས་གསུམ།འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་པ་ག་ཏའཆི་ཁ་བར་དོའི་ངོ་སྤྲོད་གསལ་བའི་མེ་ལོང་འོད་གསལ་ཉི་མའི་སྙིང་པོ་ནོར་བུ་གླིང་ག་བོད་རང་སྐྱོང་ལྗོངས།མ་ལ་ཤི་ཡ།༤༩ (གྲངས་ཀ།)ནེལ་སོན་མཱན་ཌེ་ལ།བོད་ཀྱི་རྩོམ་རིགབྱ་ཏེ་ཉིང་ཁྲི།ཕྲ་སྲོང་གཙན་སྒམ་པོའི་མཛད་བརྗེད་སྐོར།ཨའི་ཅི།སྨོན་གྲོལ་གླིང་དགོན།༢༠༠༤ལོ།མིང་གི་ཚོགས་པ་རྩོམ་རིག་གི་ལོ་རྒྱུས་རགས་བཤད།ཧིན་རྡུ་དང་ཡོ་རོབ་ཀྱི་སྐད།ཤེས་རབ་སྙིང་པོ་༢༠༡༤ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མགྲན་སྡུར།ལེགས་བྲིས་པ་ཨི་སི་ལམ་བོ།གནམ་ལྡེ་འོད་སྲུངས་སུམ་ཅུ་པའི་རྩ་བ་ལེགས་བཤད་ལྗོན་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུགལུང་རྟོགས་རྒྱ་མཚོ།ཀྲུང་གོའི་རྒྱལ་རབས།འདོད་པའི་བསྟན་བཅོས།མངོན་རྟོགས་རྒྱན་སློབ་དཔོན་དབྱུག་པ་ཅན་ཏཱ་མིལ་ན་ཌུ།ཟླ་༢ཚེས་༦ཉིན་བ་ར་ཛ་བི་ལི།མིར་ཡམ །མཚོ་སྔོན་མི་རིགས་དཔེ་སྐྲུན་ཁངཟླ་༡༢ཚེས་༢༦ཉིན་བཀྲ་ཤིས་ཉི་མ།བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་ཙམ་གླེང་པ།ཆང་རགལྦེ་ཁེ་རིག་མཛོདརྒྱ་སྐདཁྱིམ་བཅུ་གཉིས་མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་རྡོར་དྲིལ་སོགས་མཆོད་ཆས་རྣམས་ཀྱི་མཚོན་དོན་སྐོར་ཁྱད་པར་དུ་འཕགས་པའི་བསྟོད་པ་མཎྜལ།🡆 More