རྒྱ་མཚོ

རྒྱ་མཚོ་ནི་ཚྭ་མང་པོ་འདུས་པའི་ཆུ་ཡིན་པ་དང་།དེས་སའི་གོ་ལའི་ཕྱི་ངོས་ཀྱི་༧༡%ཟིན་ཡོད། རྒྱ་མཚོ་ཡིས་སའི་གོ་ལའི་ནམ་ཟླ་སྙོམས་སྒྲིག་བྱས་ཏེ།ཆུའི་འཁོར་སྐྱོད་དང་ཐཱན་གྱི་འཁོར་སྐྱོད་ཁྲོད་དུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད། མིའི་རིགས་ཀྱིས་རྒྱ་མཚོ་བཀོལ་སྤྱོད་དང་ཞིབ་འཇུག་བྱེད་པར་གནའ་སྔ་མོ་ནས་བཟུང་ཟིན་ཐོར་བཀོད་པ་མ་ཟད།ཡི་གེ་མ་བྱུང་གོང་ནས་ར་སྤྲོད་བྱུང་ཡོད།དེའི་དེང་རབས་ཚན་རིག་ཞིབ་འཇུག་ལ་རྒྱ་མཚོའི་རིག་པ་ཟེར། མཚོ་ཆུའི་ནང་དུ་ཞུ་བའི་སྲ་གཟུགས་ནི་ཁིལ་ནཱ་རྫས་ཡིན། དེའི་ནང་དུ་ད་དུང་རྨེ་དང་།ཀེལ།ཅཱ།ཆུལ་བཅས་ཀྱི་ཚྭ་དང་།དེ་མིན་གཞི་རྒྱུ་གཞན་དག་མང་པོ་འདུས་ཡོད། ཚྭ་འདུས་ཚད་ཀྱི་འགྱུར་ལྡོག་ཧ་ཅང་ཆེ་སྟེ།མཚོ་ངོས་ཀྱི་ཉེ་འགྲམ་དུ་ཅུང་དམའ་མོད།འོན་ཀྱང་རྒྱ་མཚོའི་གཏིང་ཟབ་སར་ཅུང་མཐོ། འོན་ཀྱང་།ཚྭ་ཞུ་བའི་ལྟོས་བཅས་ཀྱི་བསྡུར་ཚད་ནི་རྒྱ་མཚོ་ཆེན་པོའི་བར་དུ་འགྱུར་ལྡོག་ཧ་ཅང་ཆུང་།

རྒྱ་མཚོའི་ནང་འཚོ་བ་སྐྱེལ་བཞིན་པའི་སྐྱེ་དངོས་སྣ་ཚོགས་ཀྱི་ཁོངས་སུ་འབུ་ཕྲ་དང་།གདོད་སྐྱེས་སྐྱེ་དངོས།ཆུ་རྩྭའི་རིགས།རྩི་ཤིང་།སྨར་སྲིན།སྲོག་ཆགས་བཅས་ཚུད་ཡོད། དེའི་ཐོག་ནས་རྒྱ་མཚོའི་འཚོ་སྡོད་ཁུལ་དང་སྐྱེ་ཁམས་མ་ལག་རྒྱ་ཆེན་པོ་འདོན་སྤྲོད་བྱས་ཡོད་པ་མཐོང་ཐུབ།

རྒྱ་མཚོ་ཡིས་མིའི་རིགས་ལ་ཟས་རིགས་འབོར་ཆེན་འདོན་སྤྲོད་བྱས་ཡོད།གཙོ་བོ་ཉ་རིགས་ཡིན་མོད།འོན་ཀྱང་འགྲོན་བུའི་རིགས་དང་འོ་འཐུང་སྲོག་ཆགས།མཚོ་སྐྱེས་སྔོ་རིགས་སོགས་ཀྱང་ཡོད།དེ་དག་ཉ་བས་འཛིན་པའམ་ཆུའི་ནང་དུ་གསོ་སྤེལ་བྱེད་ཀྱིན་ཡོད། མི་ཁ་ཤས་ཀྱིས་རྒྱ་མཚོ་བེད་སྤྱད་དེ་ཉོ་ཚོང་དང་།ཡུལ་སྐོར།གཏེར་ཁ་སྔོག་འདོན།གློག་འདོན།དམག་འཁྲུགསྤྲོ་གསེང་བཅས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་དཔེར་ན་ཆུ་རྐྱལ་དང་།མཚོ་འགྲུལ།ཆུ་འཛུལ་སོགས་བྱེད་ཀྱི་ཡོ བྱ་འགུལ་འདི་དག་ཁྲོད་མང་པོ་ཞིག་གིས་རྒྱ་མཚོའི་སྦགས་བཙོག་བཟོས། ལོ་རྒྱུས་དང་རིག་གནས་ཧྲིལ་བོའི་ཁྲོད་དུ།རྒྱ་མཚོ་ནི་མིའི་རིགས་ལ་མེད་དུ་མི་རུང་བའི་གཞི་རྒྱུ་ཞིག་ཡིན།

པར་རིས་བར་འཁྱམས།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

དཔྱད་གཞིའི་དཀར་ཆག

Tags:

རྒྱ་མཚོ པར་རིས་བར་འཁྱམས།རྒྱ་མཚོ ད་དུང་གཟིགས།རྒྱ་མཚོ ཕྱི་ཕྱོགས་དྲ་མཐུད།རྒྱ་མཚོ དཔྱད་གཞིའི་དཀར་ཆགརྒྱ་མཚོ

🔥 Trending searches on Wiki བོད་སྐད:

ཐའེ་ཝན།དོན་གྲུབ་རྒྱལ།ཁྲི་གཉན་གཟུངས་བཙན།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།སྐད་བརྡ་རིག་པ།སྲོང་བཙན་སྒམ་པོ།ཁྱད་པར་དུ་འཕགས་པའི་བསྟོད་པ་འབྲས་སོག་བོད་ཆིངས་ཡིག་ནང་བའི་དུས་ཆེན་བཞིའབྲུག་གི་རྒྱལ་དར།མངོན་བརྗོད་རྩོམ་རིག་གི་བྱུང་བ།ཤེས་བྱའི་རྣམ་གྲངས་ཀུན་བཏུས།ཨི་ཐི་ཨོ་པི་ཡ།སློབ་དཔོན་དབྱུག་པ་ཅན་ལུང་མ་བསྟན་གྱི་ཞྭ་གོས་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།མངོན་བརྗོད་སྔོན་གྱི་ཆོས་རྒྱལ་བདུན་སྙན་ངག་མེ་ལོང་བཞུགས་སོ།།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤབྱ་ཁྱིའུ།མཛོ།ཝེ་ཁེ་རིག་མཛོད་ནང་འཕྲད་སྲིད་པའི་དཀའ་རྙོག་སེལ་ཐབས།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།སྔོན་པོ།རྟེན་འབྲེལ་ཡན་ལག་བཅུ་གཉིས།རབ་བྱུང་བརྩི་ཚུལ་ཟླ་འཛིན་སྐྱབས་འགྲོ་༡༧༣༣ལོ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །བྷོ་ལི་ཝི་ཡ།ཟླ་༡ཚེས་༡༢ཉིན་སློབ་དཔོན་དབྱིག་གཉེན་ཁོ་རོར།འབྲུག་པ་ཀུན་ལེགས་རྫོགས་ཆེན་དགོན།ས་ཡི་སྙིང་པོ།ཁམས་དཀར་གཏོང་བ་ལོ་སྐོར་བཅུ་གཉིས་ཨ་རུ་ནཱ་ཅལ་མངའ་སྡེ།ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་ཟླ་༤ཚེས་༢༣ཉིན་གསར་འགྱུར།ཝེ་རོ་ན།ཁ་བཏགས།གཏམ་པད་མའི་ཚལ་གྱི་ཟློས་གར་མི་ལྡན་རྣམ་གཅོད་ཀྱི་སྒྲ།པུ་ལྡེ་གུང་རྒྱལ།ཧོ་ཀྲི་མིན་གྲོང་ཁྱེར།བྱང་གཏེར་ངོ་མཚར་བླ་བརྒྱུད།ཞིབ་འཇུག།སྡེ་བཞིའི་ལུང་ཁ་དོག་སྐོར་གླེང་བ།མི་གཡོ་བ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།བློ་སྦྱོང་ཚིག་རྐང་བརྒྱད་མ་ལྟུང་བཤགས་ཆུ་ཤིང་བསྟན་་བཅོས་🡆 More