རྫོང་ཁ་

རྫོང་ཁ་

རྫོང་ཁ་
རྫོང་ཁ་

ངོ་སྤྲོད།

རྫོང་ཁ་ནི་འབྲུག་གི་རྒྱལ་ཡོངས་སྐད་ཡིག་ཨིན། འབྲུག་རྒྱལ་ཁབ་འདི་ ཕྱི་སྣོད་སའི་རྒྱ་ཚད་ཆུང་རུང་ ཁ་སྐད་མ་འདྲཝ་ ༡༩ ལྷགཔ་ཅིག་ཡོད་པའི་ ཁ་སྐད་ཀྱིས་ཕྱུག་པའི་རྒྱལ་ཁབ་ཅིག་ཨིན། ཁ་སྐད་དེ་ཚུའི་ནང་ལས་ རྫོང་ཁ་འདི་ དུས་རབས་ ༡༢ དེ་ཅིག་ལས་ར་ དཔོན་གྱི་སྒོ་ཁ་དང་དམག་སྡེའི་དྲག་གྲས། ཤེས་ཡོན་ཅན་གྱི་མི་བརྒྱུད། གཞུང་སྐྱོང་དང་བདག་སྐྱོང་ཚུ་གི་ཁ་སྐད་ཅིག་སྦེ་ལག་ལེན་འཐབ་སྟེ་སྡོད་ནུག ཨིན་རུང་ གཞུང་འབྲེལ་ཡི་གུ་དང་ ཁྲིམས་འབྲེལ་ཡིག་ཆ་ཚུ་ག་ར་ ཆོས་སྐད་ཀྱི་ཐོག་ལུ་བྲིས་ཏེ་སྡོད་ནུག དེ་ལས་ སྤྱི་ལོ་ ༡༩༧༡ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ ༸ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྫོང་ཁ་འདི་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་སྦེ་གསལ་བསྒྲགས་མཛད་གནང་ནུག། དེ་དང་གཅིག་ཁར་ རྫོང་ཁ་ལྷབ་སྦྱང་གི་དཔེ་དེབ་ཚུ་འབྲི་ནི་དང་པར་སྐྲུན་འབད་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་འོག་ལུ་ རྫོང་ཁ་གོང་འཕེལ་སྡེ་ཚན་ཅིག་ཡང་གཞི་བཙུགས་གནང་སྟེ་ སློབ་གྲྭ་ཁག་ལས་ཕར་ རྫོང་ཁ་འདི་ སྐད་ཡིག་དང་རྩོམ་རིག་གི་གྲས་ཁར་ སློབ་སྟོན་གྱི་ཆོས་ཚན་ཅིག་སྦེ་འགོ་བཙུགས་གནང་ནུག།

འབྲི་ཐངས་ལམ་ལུགས།

ཧི་མ་ལ་ཡ་གངས་རིའི་ས་ཁོངས་ནང་ མི་རིགས་དང་ཡིག་རིགས་ཚུ་ ཧེ་མ་ནང་ཆོས་མ་དར་བའི་སྐབས་ལས་རང་ཡོད་པའི་ལོ་རྒྱུས་ཚུ་འདུག། དེའི་སྐབས་འབདན་ ཡོངས་གྲགས་ཅིག་འདི་བོན་ལུགས་ ཡང་ན་ ཞང་ཞུང་ཟེར་ཡང་སླབ་ཡོདཔ་ཨིན་མས། ཁོང་ཚུ་གིས་བོན་ཆོས་དང་ལམ་ལུགས་ དེ་ལས་ཡི་གུའི་ཐོག་ལས་ བསྟན་བཅོས་ཚུ་ཡང་བྲིས་ཏེ་ཡོད་པའི་ལོ་རྒྱུས་ཚུ་འདུག། དེ་འབདཝ་ལས་ཡི་གུ་དེ་ཆོས་མེད་པའི་སྐབས་ལས་ཡོདཔ་དང་ ཆོས་དར་བའི་ཤུལ་ལས་ཡང་ཡོངས་གྲགས་སྦེ་ལག་ལེན་འཐབ་ནུག། འབྲུག་རྒྱལ་ཁབ་ནང་ལུ་ཡང་ཆོས་དར་བའི་ཤུལ་ལས་ཡི་གུ་འབྲི་ནི་ཡང་དར་ནུག། འབྲུག་ལུ་ དུས་རབས་ ༧ པའི་ནང་ཨུ་རྒྱན་གུ་རུ་རིན་པོ་ཆེ་ བུམ་ཐང་ལུ་བྱོན་ཏེ་ དེ་བསྒང་བུམ་ཐང་གི་རྒྱལ་པོ་ སིན་དྷ་རཱ་ཛ་ ཡང་ན་ ལྕགས་མཁར་རྒྱལ་པོ་དང་གཞན་ཚུ་ལུ་ཆོས་གནང་བའི་སྐབས་ ཕྱག་ཞུ་མི་ལོ་ཙ་བ་ལྡན་མ་རྩེ་མང་གིས་ཆོས་དེ་ལྷོ་ཡིག་ ཡང་ན་ མགྱོགས་ཡིག་ཟེར་མི་ནང་བྲིས་ཏེ་གནང་ཡོདཔ་ལས་ འབྲུག་ལུ་ བོད་ཡིག་གསལ་བྱེད་སུམ་ཅུ་དང་ཆ་འདྲ་བའི་ མགྱོགས་ཡིག་འབྲི་སྲོལ་གཞི་བཙུགས་འབད་ནུག། དེ་བསྒང་འབདན་ མགྱོགས་ཡིག་དང་གཅིག་ཁར་ ཚུགས་ཡིག་དང་དབུ་མེད་ཡི་གུ་ཚུ་ཡང་ལག་ལེན་འཐབ་ནུག། ད་རེས་ནངས་པ་འབདན་ མགྱོགས་ཡིག་དང་ ཚུགས་ཡིག་གཉིས་འདི་ཡོངས་གྲགས་སྦེ་ལག་ལེན་འཐབ་ཡོད། ད་རེས་ནངས་པར འབྲུག་གཞུང་གིས་ ཡིག་གཟུགས་ཡང་དག་པ་ཅིག་ར་བཟོ་ཡོདཔ་དང་ གློག་རིག་ནང་ལག་ལེན་འཐབ་བཏུབ་པའི་ལྡེ་སྒྲོམ་ཚུ་ཡང་བཟོ་ཡོད(Dzongkha keyboard layout)། ཡིག་བཟུགས་བཟོ་ཡོད་མི་ཚུ་ཡང་ Wangdi29, Tsuig_04, DDC Uchen, DDC Joyig, DDC Rinzin ཚུ་ཨིན། དེ་དང་གཅིག་ཁར་ཡིག་གཟུགས་མཁས་པ་ཀི་རིསི་ཕེན་ཟེར་མི་གིས་ Jomolhari ཟེར་མི་ཡིག་གཟུགས་ཅིག་ཡང་བཟོ་སྟེ་རིན་མེད་སྦེ་བཀྲམ་སྤེལ་འབད་ཡོད། ཡི་གུ་འདི་ གློག་རིག་ནང་རྐྱངམ་གཅིག་མེན་པར་ འགྲུལ་འཕྲིན་རིམ་ལུགས་ Apple དང་ Android ནང་ཡང་ལག་ལེན་འཐབ་བཏུབ་སྦེ་བཟོ་ཡོད།

གསལ་བྱེད་གསུམ་བཅུ།

ཀ་ ཁ་ ག་ ང་། ཅ་ ཆ་ ཇ་ ཉ། ཏ་ ཐ་ ད་ ན། པ་ ཕ་ བ་ མ། ཙ་ ཚ་ ཛ་ ཝ། ཞ་ ཟ་ འ་ ཡ། ར་ ལ་ ཤ་ ས། ཧ་ ཨ།

དབྱངས་བཞི།

ཨི་ ཨུ་ ཨེ་ ཨོ

རྗོད་སྒྲ།

དཔེ་ཡིག།

དཀར་མཛེས་ཨ་ཡིག་ལས་འཁྲུངས་ཤེས་བློའི་གཏེར།། ཕས་རྒོལ་ཝ་སྐྱེས་གཟིལ་གནོན་གདོང་ལྔ་བཞིན།། ཆགས་ཐོགས་ཀུན་བྲལ་མཚུངས་མེད་འཇམ་དབྱངས་མཐུས།། མ་ཧཱ་མཁས་པའི་གཙོ་བོ་ཉིད་གྱུར་ཅིག། 

འབྲེལ་མཐུད

མིང་ཚིག

བརྡ་སྤྲོད

གཞན


Tags:

རྫོང་ཁ་ ངོ་སྤྲོད།རྫོང་ཁ་ འབྲི་ཐངས་ལམ་ལུགས།རྫོང་ཁ་ རྗོད་སྒྲ།རྫོང་ཁ་ དཔེ་ཡིག།རྫོང་ཁ་ འབྲེལ་མཐུདརྫོང་ཁ་

🔥 Trending searches on Wiki ཇོང་ཁ:

དབང་འདུས་ཕོ་བྲང་རྫོང་ཁག༢༠༡༣རྒྱ་གརལྷ་ས་ངན་ལྷད།ཚེ་སྒྲུབ།དངུལ་ཀྲམ་མགར་ས་རྫོང་ཁགམོང་སྒར་རྫོང་ཁགཐཱའི་ལེནཌ་སངས་རྒྱས་ཀྱི་བསྟན་པ༢༠༢༢རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་ག།རྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་Naruhitoཞབས་ཏོག་ལྷན་ཁག།མེ་ཏོགའཇམ་དཔལ་མཚན་བརྗོད།འཇིགས་མེད་འོད་ཟེར་ཕྲིན་ལསཕྱག་འཚལ་བའི་དགོས་པའི་དོན་མེ་མར་རྫོང་ཁ་གོང་འཕེལ་ལྷན་ཚོགསནེཔ་ཊུནཨིང་ལིཤམ་ལེ་ཤི་ཡ་འབྲུག་རྒྱལ་རྫོང་གྲྀསཧཱ་རྫོང་ཁག༢༠༡༥༢༠༡༤ལེཊི་བི་ཡབྱང་ཀོ་རི་ཡ་ཨས་ཊེཡེ་ལི་ཡགློག་འཕྲིན་ཁ་བྱང་ཨ་ཅོ་གདོང་དཀར།འཇིགས་མེད་འོད་ཟེར་ཕྲིན་ལས།རྟ་ལོག་གསང་སྔགས་ཆོས་གླིང་།པོ་ཏ་ལ།ནང་ཆོས།འབྲུག་དབང་འདུས་རྩེ་ལྷ་ཁང་ཀྲོང་གསར་སྤུ་ན་ཁ་༈ སྙིང་ཐིག་བསྟན་པའི་ལོ་རྒྱུས།ཀུ་ཝེཊ་དར་དཀར་བཀྲ་ཤིས་གཡང་རྩེ་རྫོང་🡆 More