ལྷ་མོའི་བཟློག་བསྒྱུར།

༑ ལྷ་མོའི་བཟློག་པ་ནི།

དེ་ལྟར་མ་མོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རིག་འཛིན་རྣལ་འབྱོར་བདག་ཅག་ལ། །མཁའ་འགྲོའི་ཉམས་ཆག་བྱུང་བ་སྐོངས། །འཇིག་རྟེན་མཁའ་འགྲོའི་གནོད་པ་བཟློག །མ་མོའི་ཡམས་ནད་བྱུང་བ་བཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་བཟློག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །བནྡྷེའི་བྱད་ཁ་སླད་ལ་བསྒྱུར། །སྡེ་བརྒྱད་གནོད་པ་ཐམས་ཅད་བཟློག །གཞན་གྱི་རྦད་འདྲེའི་ཕུར་ཁ་བཟློག། །རྨི་ལྟས་མཚན་མ་ངན་པ་བསྒྱུར། །ལོ་སྐག་ཟླ་སྐེག་ཞག་སྐེག་བསྒྱུར། །སྡང་བའི་དགྲ་དང་གནོད་པའི་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །ཐམས་ཅད་ཐལ་བའི་རྡུལ་དུ་རློག །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །དམ་ཚིག་ཉམས་པ་སྐོངས་གྱུར་ཅིག །མཆོག་དང་ཐུན་མོང་ལ་སོགས་པའི། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཚེ་དང་དབང་ཕྱུག་སྤེལ་དུ་གསོལ། །དཔལ་དང་གྲགས་པ་སྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལེགས་དང་སྤྲོད་ལ་ཉེས་དང་བསྣོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །མཐུ་སྟོབས་སྐྱེད་ལ་དཔུང་གཉེན་མཛོད། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ཉིན་དང་མཚན་མོ་བྱ་ར་མཛོད། །གཞན་ཡང་ཡིད་ལ་གང་འདོད་པ། །དེ་ནི་ཁྱོད་ཀྱིས་སྒྲུབ་པར་མཛོད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་བསྒྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་ལ། །མི་མཐུན་ཚོགས་རྣམས་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་བ་ཐོབ་པར་ཤོག། །།

Tags:

🔥 Trending searches on Wiki ཇོང་ཁ:

འཇམ་དཔལ་དབྱངས་ཀ་ཀུ་རུ༼ང་བཅུ་དྲུག་མའི་བཤད་པ༽ Nga chudrumaབཧ་རེན་གྲྀསཨོ་རྒྱན་དབང་ཕྱུགབོད་སྐད།ཕུན་ཚོགས་གླིང་ཊི་བི་ལི་སིཨིཛ་རཱེལ་ཌེན་མཱཀ་དར་དཀར་ན་རྫོང་ཁགཨའིསི་ལེནཌ་འབྲུག་དང་ཕྱི་རྒྱལ་གྱི་སྲིད་བྱུས།ཐིམ་ཕུགསྐུ་འཁོར་གྱི་རྒྱུད་པ།ཐང་སྟོང་རྒྱལ་པོཤེས་རབ་སྙིང་པོའི་མདོ།བདེ་སྨོན་བསྡུས་པ།རྫོང་ཁ་ཀམ་བོ་ཌི་ཡ་གྷེ་བྷོནཛིམ་བབ་ཝེ་གོ་ར་ཆུ་ཁ་རྫོང་ཁགསངས་རྒྱས་ཀྱི་བསྟན་པདངུལ་ཀྲམ་Spainཔོར་ཅུ་གལ་གོ་ཡུ་ཤྲཱྀ་ལངཀ་ཨཛར་བཡེ་ཇནམཁས་དབང་ཀརྨ་ཕུན་ཚོགས་ཀྱི་སྐོར།བངྒ་ལ་དེཤ་ཡུ་ནའིཊེཊ་སི་ཊེསཁང་ཆེས་གོ་བོ་རྒྱ་གརབོདབྷ་ཧ་མ་སུ་ཡུ་ནའི་ཊེཊ་ཀིང་ཌམཀུ་ཝེཊ་ཚར་བཟོ།པེ་རུ་གཡང་གཞི་འབྲུག་གི་འཁྱེག་རི།རྒྱལ་པོའི་བརྟན་བཞུགས་ཀྱི་བྱུང་རབས།༢༠༡༩བཱརཱ་ཛིལ་ཇཱར་མ་ནིསྐྱིད་ཆུ་ལྷ་ཁང་ཨུ་ཏེར་སེན🡆 More