སྤ་རོ ལྟ་རྫོང་།

རྫོང་འདི་ སྤ་རོ་ཚོང་འདུས་ཁྲོམ་ལས་ ཀི་ལོ་མི་ཊར་ ཕྱེད་དང་དྲུག་དང་ རིན་སྤུང་རྫོང་ལས་ མཐོ་ཚད་མི་ཊར་ ༥༠༠ དེ་གཅིག་གི་ས་ཁ་ བཞེངས་ཡོདཔ་ཨིན། རིན་སྤུང་རྫོང་འདི་བཞེངས་ཚར་བའི་ཤུལ་ལུ་ སྡེ་སྲིད་གཉིས་པ་ བསྟན་འཛིན་འབྲུག་སྒྲ་གི་ སྐབས་ལུ་ བོད་དང་རྒྱ་གར་ལས་དམག་གི་འཇིགས་པ་ཚུ་ ལེ་ཤ་གཅིག་འབྱུང་ཡོདཔ་ལས་ འདི་ཚུ་ལས་ སྲུང་སྐྱོབ་འབད་ནིའི་དོན་ལུ་དང་ དེ་གི་ནང་དོ་གཉིས་ལས་ཡང་ རིན་སྤུང་རྫོང་འདི་སྲུང་སྐྱོབ་འབད་ནིའི་དོན་ལུ་ ལ་སྔོན་པ་ བསྟན་འཛིན་འབྲུག་སྒྲ་དང་ ཆོས་རྒྱལ་མི་འགྱུར་བསྟན་པ་གཉིས་ཀྱིས་ དུས་རབ་ ༡༧ པའི་ བར་མཚམས་ལུ་ ལྟ་རྫོང་འདི་བཞེངས་གནང་ནུག།

སྤ་རོ ལྟ་རྫོང་།

རྫོང་གི་ ཐོག་བཞི་པམ་དེ་ ཧེ་མ་འབད་བ་ཅིན་ བཙོན་པ་ཚུ་བཞག་ས་ཨིན་མས། དམག་ཁྲུགས་རེ་ཐོན་ཏེ་པའི་སྐབས་ ཆུ་ལེན་ནིའི་དོན་ལུ་ ས་འོག་ལས་ ལྟ་རྫོང་དང་ སྤ་ཆུ་གཉིས་མཐུད་པའི་ བགྲོད་ལམ་གཅིག་ཡོདཔ་ཨིན་རུང་ ལམ་འདི་ ད་ལྟོ་མཐོང་ས་མེདཔ་ཨིན་མས།

རྫོང་འདི་ ལོ་ ༣༥༠་ དེ་ཅིག་གི་ཧེ་མ་བཞེངས་ཡོདཔ་ཨིནམ་དང་ བར་སྐབས་ཅིག་དེ་ནང་སྡོད་མི་ག་ཡང་མེད་པར་ ཉེ་འདབ་ཀྱི་ཨ་ལོ་ཚུ་གིས་ དེ་ཁ་རྩེདམོ་རྩེཝ་ལས་ གནོད་སྐྱོན་དུམ་གྲ་རེ་འབྱུང་ཡོད་རུང་ རང་བཞིན་གྱི་སྐྱེན་ངན་དང་ ཕྱིའི་དགྲ་བྱང་ཕྱེད་ཚུ་ལུ་བརྟེན་གནོད་པ་ག་ནི་ཡང་མ་འབྱུང་མི་ རྫོང་དག་པ་གཅིག་ཡོད་མི་ནང་ལས་ གཅིག་ལྟ་རྫོང་འདི་ཨིན་མས། ༡༧༡༤ ལུ་ ས་གཡོམ་ ཉིནམ་ ༡༥ གི་རིང་ལུ་རྐྱབ་ཡོདཔ་དང་ ད་རུང་ ༡༨༩༦ ལུ་ཡང་ ས་གཡོམ་རྐྱབ་པའི་སྐབས་ རྒྱལ་ཁབ་ནང་གི་ རྫོང་གཞི་གཞན་ལེ་ཤ་གཅིག་ལུ་ གནོད་སྐྱོན་ཤུགས་སྦེ་ར་འབྱུང་ཡོད་རུང་ ལྟ་རྫོང་འདི་ལུ་ གནོད་པ་ག་ནི་ཡང་མ་འབྱུང་མས།

རྫོང་འདི་ འབྲུག་རྒྱལ་གསུམ་པ་ འཇིགས་མེད་ རྡོ་རྗེ་དབང་ཕྱུག་མཆོག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ འབྲུག་གོང་འཕེལ་དངུལ་ཁང་ཚད་འཛིན་གྱི་ མང་དངུལ་གྲོགས་རམ་འབད་ཐོག་ལས་ ཉམས་བཅོས་འབད་ཡོདཔ་དང་ རྫོང་མཇལ་བ་འོང་མི་ཚུ་གི་དོན་ལུ་ འཁོར་ལམ་ཡང་སྟོན་ནུག།

ལྟ་རྫོང་འདི་ དབྱིབས་ ཐེ་སྒོར་སྒོར་སྦེ་ཡོདཔ་དང་ ནང་ན་གི་ ཐོག་ཚད་བདུན་ཡོད་མི་ ཁྱིམ་དེ་ རྒྱུ་ནོར་ལོངས་སྤྱོད་བཟུམ་ཅིག་ཨིནམ་དང་ ཕྱི་ཁ་གི་གྱང་ཐེ་སྒོར་སྒོར་དེ་ འདི་ཚུ་སྲུང་སྐྱོབ་འབད་མི་བཟུམ་ཅིག་ཨིན།

Tags:

🔥 Trending searches on Wiki ཇོང་ཁ:

ཡུ་ནའིཊེཊ་སི་ཊེསརྒྱལ་ཡུམ་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་བླ་མ་ངག་དབང་རྣམ་པར་རྒྱལ་བའི་སྒྲུབས་ཐབས།ཕྱག་འཚལ་བའི་དགོས་པའི་དོན་བོད།ཨུཛ་བེ་ཀིསི་ཏཱན་ལེ་བཱ་ནཱོན་Jobཚེ་རིང་རྡོ་རྫེ།༡༩༠༠འཇིགས་མེད་འོད་ཟེར་ཕྲིན་ལས།མ་ཤོག།མེཀ་སི་ཀོཨྀཊ་ལི་Careersརྒྱ་གརཤེས་རབ་སྙིང་པོའི་མདོ།ར་ཤི་ཡཱན་ཕེ་ཌི་རེ་ཤཱནམོང་སྒར་རྫོང་ཁགཨེ་ཤར་ཡསའུཐ་ཨཕ་རི་ཀ་2009བདེ་བ་ཅན་གྱི་སྨོན་ལམ་བསྡུས་པ་ནི།བངྒ་ལ་དེཤ།ཀོ་བིཊ་༡༩ཅེཀ་རི་པབ་ལིཀ་ཨིང་ལིཤགྷེ་བྷོནའབྲུག་རྒྱང་བསྒྲགས་ལས་འཛིནརྒྱལ་པོའི་བརྟན་བཞུགས།ཁས་བླངས།Bewerben༢༠༡༧སུའིཊ་ཛར་ལེན་གོ་ཡུ་དཔལ་མགོན་བདུན་བཅུ་རྩ་གཉིས་ཞབས་དྲུང་ངག་དབང་རྣམ་རྒྱལ།༡༨༠༣ཐིམ་ཕུག།རྫོང་ཁགཕུར་པུབསམ་གྲུབ་ལྗོངས་མཁར་བྱ་དཀར་རྫོང་།མགོན་པོའི་བཤགས་པ།ཨས་ཊི་ཡLaufbahnབེལ་ཇིཡམནང་ཆོས།ཧཱ་རྫོང་ཁགབལ་ཡུལ་ཧྥ་རན་ས་ཀྱི་དར་ཆ།༢༠༠༣འབྲུག་པ་བོད་ཡིན་ནམ་ཞེ་ན་བཤད་ཁག་པོ་འདུགབློ་སྦྱོང་ཚིག་དོན་བརྒྱད་མ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ།པོ་ཏ་ལ།འཛམ་གླིངའཇམ་དཔལ་མཚན་བརྗོད།དཔལ་མགོན་བདུན་ཅུ་རྩ་ལྔའི་རྒྱལ་པོ་ཆེན་པོ་བཞི་Impressumཁང་ཆེས་པ་ར་གུ་ཝའིམགྱོགས་ཡིགJobs🡆 More