འབྲུག་རྒྱལ་རྫོང་།: མི་གི་སྡོད་གནས་

འབྲུག་རྒྱལ་རྫོང་འདི་ སྤ་རོ་གི་ས་གནས་ འབྲུག་རྒྱལ་ལུ་ བཞེངས་ཡོདཔ་ཨིནམ་དང་ འབྲུག་རྒྱལ་རྫོང་འདི་ དགྲ་རྫོང་གཙོབོ་ བཞི་ལས་གཅིག་ཨིན། འབྲུག་རྒྱལ་རྫོང་བཞེངས་མི་གྱི་སྐོར་ལས་ ལོ་རྒྱུས་མ་འདྲཝ་ལེ་ཤ་ཅིག་ཡོད་རུང་ རྩོམ་འབྲི་པ་མང་ཤོས་ཅིག་གིས་ ཞབས་དྲུང་ ངག་དབང་རྣམ་རྒྱལ་མཆོག་གིས་ ༡༦༤༩ བོད་དམག་ལས་ རྒྱལ་ཁ་ཐོབ་པའི་རྗེས་དྲན་བརྩི་སྲུང་འབད་ནིའི་དོན་ལུ་ བཞེངས་ཡོདཔ་སྦེ་ བཤདཔ་ཨིན་མས། མི་ལ་ལོ་གཅིག་གིས་འབད་བ་ཅིན་ སྡེ་སྲིད་གཉིས་པ་ བསྟན་འཛིན་ འབྲུག་སྒྲ་དང་ སྤ་རོ་དཔོན་སློབ་གཉིས་ཀྱིས་ ཞབས་དྲུང་ ངག་དབང་རྣམ་རྒྱལ་གྱི་བཀའ་རྒྱ་དང་འཁྲིལ་ཏེ་ བཞེངས་བཞེངསམ་ཨིནམ་སྦེ་ བཤདཔ་ཨིན། བཤད་སྲོལ་ མ་འདྲཝ་ལེ་ཤ་ཡོད་དེ་ར་འབད་རུང་ མི་ཚུ་གིས་ རྫོང་འདི་ བོད་དམག་ལས་ རྒྱལ་ཁ་ཐོབ་པའི་རྗེས་དྲན་བརྩི་སྲུང་འབད་ནིའི་དོན་ལུ་ བཞེངས་ཡོདཔ་སྦེ་ ཆ་བཞགཔ་ཨིནམ་དང་ དེ་ལས་བརྟེན་མིང་ཡང་ འབྲུག་རྒྱལ་རྫོང་ཟེར་བཏགས་ཡོདཔ་ཨིན།

འབྲུག་རྒྱལ་རྫོང་།: མི་གི་སྡོད་གནས་

༡༩༥༡ ལུ་ རྫོང་འདི་ལུ་ མེ་རྐྱེན་མ་འབྱུང་ཚུན་ཚོད་ལུ་ རིན་སྤུང་ རབ་སྡེ་གི་ དབྱར་གྱི་བཞུགས་གནས་སྦེ་ ལག་ལེན་འཐབ་ཡོདཔ་དང་ མེ་རྐྱེན་འབྱུང་སྟེ་ཡོད་པའི་ལྷག་ལུས་ གྱང་ཁོག་དང་ ཤིང་གི་ཀཝ་ཚུ་ད་ལྟོ་ཡང་མཐོང་ཚུགསཔ་ཨིན།

འབྲུག་རྒྱལ་རྫོང་འདི་ལུ་ཡང་ རྗེས་ཤུལ་དང་རྒྱལ་ཁ་ཐོབ་ཡོད་པའི་བྱུང་རིམ་ཚུ་ལེ་ཤ་གཅིག་ར་ཡོདཔ་ཨིན། དཔེར་ན་ བོད་ཀྱི་མི་ཚུ་གིས་ ས་ག་ལ་ལས་ བརྟག་ཞིབ་འབད་བའི་སྐབས་ རྫོང་འདི་ བྱ་ན་རི་དང་ སྦྱར་ཏེ་ཡདོཔ་སྦེ་མཐོང་སྟེ་ རྫོང་གི་རྩ་བ་འགྱོཝ་ད་ རྫོང་དེ་ ཧེང་བཀལ་ཐག་རིང་ས་སྦེ་མཐོངམ་ལས་ བོདཔ་ཚུ་གིས་ མིག་འཕྲུལ་སྦེ་མཐོང་ནུག།

ད་རུང་ དྲག་རྒོལ་འབད་མི་ བོད་མི་ཚུ་ མགྱོནམ་སྦེ་ བསུ་བ་འབད་དེ་ ཞེས་སྒོ་འབྱིན་པའི་སྐབས་ ་ ཁོང་ཚུ་ ཞེས་སྒོ་ཟ་སའི་ གུར་སྤུབས་ནིའི་དོན་ལུ་དམིགས་བསལ་གྱི་ གཤིང་གཅིག་ལག་ལེན་འཐབ་ཡོདཔ་ལས་ ་ བོདཔ་ཚུ་ སྤྲོ་བ་སྟོན་པའི་སྐབས་ དང་པ་རང་ གདོང་སྦོ་ དེ་ལས་ གྲོས་ཀྱི་སྦེ་ གཟུགས་ག་ར་སྦོ་སྟེ་ ཤི་ཡོདཔ་ཨིན་མས།

འབྲུག་རྒྱལ་ རྫོང་འདི་ དགྲ་རྫོང་གཅིག་ཨིནམ་ལས་ གོ་མཚོན་མཛོད་ཁང་ཡོད་མི་དེ་ རྒྱལ་ཁབ་ནང་ལུ་ དྲག་ཤོས་གཅིག་ཨིན་དེ་ར་འབད་རུང་ མང་ཤོས་གཅིག་ མེ་རྐྱེན་འབྱུང་བའི་སྐབས་མེདཔ་གཏང་ཡོདཔ་དང་ ལྷག་ལུས་ཚུ་ རིན་སྤུང་རྫོང་ནང་ལུ་ ཡོདཔ་ཨིན།

Tags:

🔥 Trending searches on Wiki ཇོང་ཁ:

New༢༠༡༣ལྷ་མོའི་བཤགས་པ།ཀྲོང་གསར་རྫོང་ཁགདངོས་ཁམས་རིག་པཕིན་ལེནཌ་ཡུ་ནའིཊེཊ་སི་ཊེསནོ་ཝེ་ཀམ་བོ་ཌི་ཡ།ཨིཛ་རཱེལ་བདེ་སྨོན་བསྡུས་པ།འབྲུག་གི་འབྲོང་གྱིམ་ཙི།དར་དཀར་བཀྲིས་གཡང་རྩེ་རྫོང(དར་དཀར་ན།)འཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུགསུའི་ཌན་བྲག་དཀར་པོ།ཨོ་རྒྱན་དབང་ཕྱུགཨི་རཱན་རྒྱ་ནགཧོང་ཀོངཨཕ་རི་ཀ་རྟ་མགྲིན་གྱི་སྨོན་ལམ།བཀྲིས་སྒང་རྫོང་ཁགནང་ཆོས།པ་ལང་ཞབས་དྲུང་ངག་དབང་རྣམ་རྒྱལ།ཨའིརི་ལེནཌ་ཀེ་ནི་ཡ་མིག་དམརཕྱག་འཚལ་བའི་དགོས་པའི་དོན་གཞལམ་སྒང་རྫོང་ཁགརྒྱལ་པོ་འཇིགས་མེད་ཁེ་གསར་རྣམ་རྒྱལ་དབང་པྱུག་ཡོ་ཀོ་ཧ་མཨི་རཱན།བོད།སུའིཊ་ཛར་ལེན་ལེཊི་བི་ཡཔོར་ཅུ་གལ་ཇཱར་མ་ནིཀུན་དགའ་རབ་བརྟན་ཕོ་བྲང་།ལྟ་རྫོང་རྒྱ་གརརྟ་མགོལེ་ཏོས་ནི་ཡ་ཆང་མཆོད།འབྲུག་རྒྱལ་རྫོང་།བྱི་ལིསྡེ་སྲིད་རིན་བྱོན།འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ།སྐྱིད་ཆུ་ལྷ་ཁང་ཆུ་ཁ་རྫོང་ཁགལས་སྡེ་མ་འདྲཝ།🡆 More