བྱ་དཀར་གཡུས་རྒྱལ་རྫོང་། བྱ་དཀར་རྫོང་།

ཡོངས་གྲགས་ལུ་ བྱ་དཀར་རྫོང་ཟེར་སླབ་སྲོལ་ཡོད་མི་ བྱ་དཀར་གཡུས་རྒྱལ་རྫོང་འདི་ བུམ་ དེ་ཡང་ བོད་ར་ལུང་གི་བླམ་ ངག་གི་དབང་ཕྱུག་(༡༥༡༧-༡༥༥༤) འབྲུག་ལུ་ འབྲུག་པ་བཀའ་རྒྱུད་པའི་ཆོས་ལུགས་ དར་ཁྱབ་མཛད་གནང་པ་འབྱོན་པའི་སྐབས་ལུ་ ལྕ་མཁར་གཡུས་ཚན་གྱི་ མཐའ་མ་ལུ་ བྱག་གཅིག་ཡོད་མི་དེ་གུར་ ལྷ་ཁང་གཅིག་བཞེངས་ནིའི་ཐུགས་བཞེད་གནང་ནུག།

བྱ་དཀར་གཡུས་རྒྱལ་རྫོང་། བྱ་དཀར་རྫོང་།

ལྷ་ཁང་འདི་བཞེངས་པའི་སྐབས་ ལུ་ ས་གནས་འདི་ཁ་ལས་ བྱ་དཀརཔོ་གཅིག་འཕུར་ཏེ་ ད་ལྟོ་རྫོང་ཡོད་སར་ ཆགས་ཡོདཔ་ཨིན་མས། དེ་བཟུམ་གྱི་རྟགས་མཚན་ཚུ་ ལེགས་ཤོམ་ཅིག་སྦེ་བརྩི་ཏེ་ ༡༥༤༩ ལུ་ བླམ་ངག་གི་དབང་ཕྱུག་གིས་ དབྱིབས་རྫོང་བཟུམ་འབད་མི་ ལྷ་ཁང་ཆུང་ཀུ་གཅིག་བཞེངས་ཏེ་ དེ་ནང་ལུ་ གྲྭ་ཚང་བཙུགས་གནང་ནུག། བྱ་དཀརཔོ་ཆགས་མི་ལས་ རྟ་དྲངས་ཏེ་ རྫོང་ཆུང་ཀུ་འདི་གི་མིང་ལུ་ བྱ་དཀར་རྫོང་ཟེར་བཏགས་ནུག། དེ་སྦེ་ཨིན་དེ་རང་འབད་རུང་ བྱ་དཀར་གཡུས་ཚན་གྱི་ མི་ཚུ་གི་གཏམ་རྒྱུད་དང་འཁྲིལཝ་ད་ བུམ་ཐང་གཡུས་ཚན་གྱི་ ཤར་ཕྱོགས་ཁ་ཐུག་ལུ་ རྫོང་ཆུང་ཀུ་གཅིག་བཞེངས་ཡོད་དེ་ར་འབད་རུང་ འཆར་གཞི་དང་འཁྲིལཝ་ད་ ས་གནས་འདི་ བསམ་པ་རྫོགས་ཏོག་ཏོ་གཅིག་ར་མེདཔ་ལས་ ས་གནས་གཞན་གཅིག་གདམ་ཁ་རྐྱབས་ནིའི་དོན་ལུ་ བླམ་དང་རྩིསཔ་ཚུ་གཅིག་ཁར་འཛོམས་ཏེ་སྡོག་པའི་སྐབས་ བྱ་དཀརཔོ་གཅིག་འཕུར་སྟེ་ ད་ལྟོ་རྫོང་ཡོད་ས་ ཆགས་ཡོདཔ་ལས་ རྫོང་འདི་ས་གནས་འདི་ཁར་བཞེངས་གནང་གནངམ་ཨིན་མས།

བྱ་དཀར་གཡུས་རྒྱལ་རྫོང་། བྱ་དཀར་རྫོང་།

བྱ་དཀར་རྫོང་འདི་ བླམ་ངག་གི་དབང་ཕྱུག་གི་གདན་ས་དང་པ་ཨིནམ་དང་ ཁོ་གི་སྐབས་ལུ་ དབྱིབས་རྫོང་བཟུམ་འབད་མི་ ལྷ་ཁང་ཆུང་ཀུ་གཅིག་ལས་མེད་དེ་འབད་རུང་ ཤུལ་ལས་ ཡོངས་གྲགས་ཅན་གྱི་སྐྱེས་བུ་ སོ་སོ་ཚུ་གིས་ ཉམས་གསོ་དང་རྒྱ་བསྐྱེད་མཛད་གནང་ནུག། ཧེ་མ་འབད་བ་ཅིག་ བྱ་དཀར་རྫོང་འདི་ བུམ་ཐང་ལུགས་ཕྱོགས་ཀྱི་ ལྟེ་བ་ཨིནམ་དང་ ཤར་ཕྱོགས་རྫོང་ཁག་ཆ་མཉམ་གྱི་དོན་ལུ་ སྲུང་སྐྱོབ་ཀྱི་རྫོང་གཅིག་གཞི་ཨིན། དེ་མ་ཚད་ རྫོང་འདི་ འབྲུག་རྒྱལ་དང་པའི་ གདན་ས་ཡང་ཨིན་མས།

བྱ་དཀར་རྫོང་འདི་ལུ་ དབུ་རྩེ་ མཐོ་ཚད་མི་ཊར་ ལྔ་བཅུ་ཡོད་མི་འདི་ རྒྱལ་ཁབ་ནང་གི་རྗོང་གཞི་གཞན་མང་ཤོས་གཅིག་དང་མ་འདྲ་བའི་ ཁྱད་ཆོས་ ཡ་མཚན་ཅན་གཅིག་ཨིན། ༡༨༩༧ ལུ་ ས་གཡོམ་གྱི་གནོད་སྐྱོན་འབྱུང་མི་ལུ་བརྟེན་ རྫོང་གི་ཕྱི་ཁ་གི་བྱང་ཚུ་སྐོར་ར་རྐྱབ་སྟེ་བལྟ་ནི་མ་ཏོགས་ དབུ་རྩེ་གི་ཚད་གཞི་མཐོང་མི་ཚུགས་དོ་ཡོདཔ་ཨིན། ད་རུང་རྫོང་འདི་ལུ་ ཡ་མཚན་ཅན་གྱི་ཁྱད་ཆོས་གཞན་མི་གཅིག་འདི་ རྫོང་དམག་གི་བསྐོར་བའི་སྐབས་ལུ་ ཆུ་བཞག་སའི་ ཆུ་འཛིང་སྲུང་རགས་རྐྱབས་ཡོད་མི་འདི་ཨིནམ་དང་ ཆུ་འཛིང་འདི་ད་ལྟོ་བར་ན་ཡང་ སྐྱོན་ག་ནི་ཡང་མེད་པར་ཡོདཔ་ཨིན།

Tags:

🔥 Trending searches on Wiki ཇོང་ཁ:

༢༠༢༢བངྒ་ལ་དེཤ་སྤ་རོ་འདམ་ཅན་གོང་མ་ཀུན་བཟང་གླིང Paro Damchen gongma Kuenzanglingམ་ཤོག།རྡོ་རྗེ་སེམས་དཔའདངུལ་ཀྲམ་བཟའ་འཐུང་ཉེན་སྲུང་། Food securityལི་ཐུ་ནི་ཡ།ཨའིརི་ལེནཌགའཀར།འཇར་པན།ཌེ་བི་ཌ་ ཝོཌརཌ་ཌའབྲུག་གཉིས་པའི་རྟོགས་བརྗོད།རྒྱ་གརབསམ་གྲུབ་ལྗོངས་མཁར་རྫོང་ཁགསྐུ་འཁོར་གྱི་རྒྱུད་པ།བསྣོན་༢༠༢༨ཨིསི་ཊོ་ནི་ཡཀེ་ནི་ཡ་བེ་ལ་རུ་སུ་བློན་པོ་ འཇིགས་མེད་འོད་ཟེར་ཕྲིན་ལས།ལྕགས་རི་རྡོ་རྗེ་གདན་གྱི་གནས།༡༩༧༣ཇཽ་ཇཱསུའིཊ་ཛར་ལེན་གྲོ་ཞིབ་༡༨༠༢ཧོང་ཀོངསྤྲུལ་སྐུ་ལྷ་ཁང་དང་ཀོ་ལོམ་བི་ཡརྒྱ་གར།བཱརཱ་ཛིལ་ཇཱར་མ་ནིབལ་ཡུལ།ཨཱལ་བེ་ནི་ཡརྗེ་བརྩུན་པདྨཤྲཱྀ་ལངཀ་ཀེ་ན་ཌ་པ་ར་གུ་ཝའིབ་ཊི་ཀཱན་ཏ་ཇག་ཀིསི་ཏཱན་ཕོ་ལེགས་མོ་ལེགས།ར་ཤི་ཡཱན་ཕེ་ཌི་རེ་ཤཱནཕརཱནསི་ཨུཛ་བེ་ཀིསི་ཏཱན་ཤེས་རབ་སྙིང་པོའི་མདོ།ཨར་ཇེན་ཊི་ནཟས་མཆོད།གཞུང་སྒྲ། Zhungdraསའུཐ་ཨཕ་རི་ཀ་རྫོང་ཁག་མེ་མར་ཕིན་ལེནཌ་སེམས་ཅན🡆 More