ཐོང་གཤོལ་འཁོར་ལོ་

བོད་ཀྱི་ལོ་ཐོའི་སྟེང་སོ་ནམ་འཁོར་ལོ་དང་ཐོང་གཤོལ་འཁོར་ལོ་ཞེས་རི་མོ་གཉིས་བཀོད་ཡོད་ཅིང་། ཐོང་གཤོལ་འཁོར་ལོའི་སྟེང་གི་ཨང་ཀི་ཡང་རྒྱུ་སྐར་ཉེར་བདུན་མཚོན་བྱེད་ཡིན་ཞིང་། ཉི་མས་འཁྱུད་པའི་སྐར་མ་ནས་གཤོལ་ལྕགས་ཀྱི་རྩེ་ལ་གཉིས་བཀོད་དེ། ས་མཐོང་ལ་གསུམ། མི་མཐོང་ལ་གསུམ། འཆང་བཟུང་ལ་གཉིས། གཤོལ་ཟླ་ལ་བཅུ། གཉའ་ཤིང་ལ་བརྒྱད་བཀོད་དེ། ཟླ་བ་རྒྱུ་སྐར་ཉེར་བདུན་གྱི་གཞི་ཁྱོན་གང་དུ་གནས་པའི་སྐར་མ་དེ་གཤོལ་ལྕགས་ཀྱི་རྩེ་གཉིས་ལ་སོང་ན་བཙའ་ཡིས་འཁྱེར་བ་ཐེ་ཚོམ་མེད་པ་དང་། ས་མཐོང་གསུམ་ལ་སོང་ན་ལོ་ལེགས་ཀྱང་སྲོག་ཆགས་ལ་སྡང་བ། མི་མཐོང་གསུམ་ལ་སོང་ན་འབྲུ་རིགས་འཕེལ་ཞིང་ལེགས་པ། འཆང་བཟུང་ལ་སོང་ན་ལོ་ནད་འབྱུང་བ། གཉའ་ཤིང་ལ་སོང་ན་དགྲ་ཡིས་འཇོམས་པའི་དོགས་པ། གཤོལ་ཟླ་བཅུ་ལ་སོང་ན་བཏང་སྙོམས་བྱེད་པ་སོགས་ངོ་སྤྲོད་རགས་ཙམ་ཞུས་པའོ། །

Tags:

🔥 Trending searches on Wiki ཇོང་ཁ:

ཨར་ཇེན་ཊི་ནསེམས་རྟོགས་ཁ་རྫོང་ཨར་མི་ནི་ཡཡུ་ནའི་ཊེཊ་ཀིང་ཌམWrite a new articleཀྲུང་ཀོཀམ་བོ་ཌི་ཡ་མེཀ་སི་ཀོམ་ལེ་ཤི་ཡ།ཐང་སྟོང་རྒྱལ་པོརྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་རཱ་ག་ཨ་སྱས་མཛད་པ་བཞུགས་སོ།བློ་སྦྱོང་ཚིག་དོན་བརྒྱད་མ་བེ་ལ་རུ་སུ་བློན་པོ་ འཇིགས་མེད་འོད་ཟེར་ཕྲིན་ལས།མཉམ་མེད་དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་པར་རྒྱལ་བའི་རྣམ་ཐར་མདོར་བསྡུས།རྣམ་རྒྱལ་སྟོང་མཆོད་ཀྱི་ཆོ་ག།འཛམ་གླིང་རྒྱལ་ཁབ་དག་གི་མིང་རྫོང་དབྱིན་རྒྱ་གསུམ་ཤན་བསྦྱརབལ་ཡུལ།ཅེཀ་རི་པབ་ལིཀ་ཤཱ་ཀྱ་ཐུབ་པཕྱག་འཚལ་བའི་དགོས་པའི་དོན་པོར་ཅུ་གལ་སའུཐ་ཨཕ་རི་ཀ་རྒྱལ་འཛིན་ཐགས་རིག་སློབ་སྡེ།མཉམ་མེད་སེང་གེ་དགུཨེ་སི་ཡ་༡༩༧༣གཡང་གཞི་རྒྱ་ནག་གླང་རྩིས་མཁས་དབང་ཀརྨ་ཕུན་ཚོགས་ཀྱི་སྐོར།༢༠༢༤ཨའིསི་ལེནཌ་དཔལ་ལྡན་བླ་མ་ལ་སྐུ་གསུང་ཐུགས་རྟེན་ཕུལ་བ།ཟངས་མདོག་དཔལ་རིའི་སྨོན་བསྡུས་པ།ཐཱའི་ལེནཌ།ཀུརོ་ཤི་ཡལྟ་རྫོང་2000ཨཛར་བཡེ་ཇནའཛམ་གླིངཨིསི་ཊོ་ནི་ཡ་🡆 More