ས་ཧ་ར་བྱེ་ཐང་ཆེན་པོ།

སའི་གོ་ལའི་སྟེང་གི་ཆེས་ཆེ་བའི་མྱ་ངམ་ཐང་།ཧྥེ་གླིང་གི་བྱང་ཕྱོགས་སུ་ས་རྒྱ་ཤིན་ཏུ་ཆེ་བའི་མྱ་ངམ་ཐང་ཞིག་ཡོད། དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་བྱེ་ཐང་སྟེ། ས་ཧ་ར་བྱེ་ཐང་ཆེན་པོ་ཡིན།

ས་ཧ་ར་བྱེ་ཐང་ཆེན་པོ།
ས་ཧ་ར་བྱེ་ཐང་ཆེན་པོ

རྒྱ་ཁྱོན།

དེ་ཡི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་ཁྲི900ལྷག་ཡོད་པ་དང་། ཨ་མེ་རི་ཁའི་སའི་རྒྱ་ཁྱོན་དང་འདྲ་ལ། ཕལ་ཆེར་ཧྥེ་གླིང་སྐམ་སའི་གསུམ་ཆའི་གཅིག་ཟིན།

སྐྱེ་དངོས།

མི་རྣམས་ཀྱིས་ས་ཧ་ར་བྱེ་ཐང་ཆེན་པོ་ནི་སའི་གོ་ལའི་སྟེང་གི་སྐྱེ་དངོས་སྐྱེ་བར་མི་འཚམ་པའི་གནས་ཤིག་ཏུ་འཁུམས་པ་དང་། ཨ་རབ་ཀྱི་སྐད་དུའང་ས་ཧ་ར་ཞེས་པ་ནི་མྱ་ངམ་གྱི་ཐང་ཆེན་པོ་ཞེས་པའི་དོན་ཡིན།

ས་ཁུལ།

མི་རྣམས་ཀྱིས་བྱེ་ཐང་ཞེས་ཐོས་མ་ཐག་ཏུ་མུ་མཐའ་མི་མངོན་པའི་བྱེ་སྒང་དང་བྱེ་ས་ཞིག་བློ་ངོར་འཆར་སྲིད་མོད། དོན་དངོས་སུ་ས་ཧ་ར་བྱེ་ཐང་གི་ལྔ་ཆའི་གཅིག་ཙམ་གྱི་ས་ཁུལ་ནི་བྱེ་མ་ལས་གྲུབ་པ་མ་གཏོགས། དེའི་ས་ཁུལ་གཞན་དག་ནི་རྩུབ་ཤས་ཆེ་བའི་རྡེའུ་ལས་གྲུབ་པའི་བདེ་ཐང་མིན་ན། བརྩེགས་རིམ་དུ་ཆགས་པའི་བྲག་རི་ཡིན། དེ་མིན་ད་དུང་རི་ཁུལ་དང་བ་ཚྭའི་གྲམ་ཐང་ཡང་ཡོད་པ་རེད།

གནམ་གཤིས།

ས་ཧ་ར་བྱེ་ཐང་གི་ས་བབ་མི་ལེགས་པ་ལས་གཞན་ཚ་གདུག་ཆེ་བའི་གནམ་གཤིས་སྡུག་པོ་ཡང་ཡོད་དེ། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད30℃ལས་བརྒལ་བ་དང་། ཆེས་སྐམ་ཤས་ཆེ་བའི་ས་ཁུལ་དུ་ལོ་ཧྲིལ་བོའི་ཆར་འབབ་ཚད་ཧའོ་སྨིས25ཙམ་ཡང་མི་ལོང་། སྐབས་ལ་ལར་ལོ་ཧྲིལ་བོར་ཆར་ཐིགས་གཅིག་ཀྱང་འབབ་རྒྱུ་མེད།

གནའ་རྫས་རྟོག་ཞིབ།

གནའ་རྫས་རྟོག་ཞིབ་པས་ས་ཧ་ར་བྱེ་ཐང་གི་བྲག་ཕུག་ཏུ་གནའ་རབས་ཀྱི་རི་མོ་དང་བརྐོས་རིས་མང་བོ་གསར་རྙེད་བྱུང་ཞིང་། དེ་དག་གིས་ས་ཧ་ར་བྱེ་ཐང་ནི་གནའ་སྔ་མོར་བྱེ་མས་ཁྱབ་པའི་ཐང་རྒོད་ཅིག་མིན་པར་རྩྭ་ཐང་ཆེན་པོ་ཞིག་སྟེ། ཆུ་བོ་ལྷུང་ལྷུང་བཞུར་ཅིང་ས་ཤུན་སྤང་གིས་གཡོགས་པ། ཚོ་བ་དང་མི་རིགས་མང་བོ་འཚོ་སྡོད་བྱེད་སའི་མཛེས་སྡུག་གི་ས་ཁུལ་གཤིན་པོ་ཞིག་ཡིན་པ་རྟོགས་ཐུབ་ཀྱང་། ཚན་རིག་པ་རྣམས་ཀྱིས་ཚོད་དཔག་ལས་ཕྱིས་སུ་གནས་དེ་ཡི་གནམ་གཤིས་འགྱུར་ལྡོག་ལས། ཆུ་བོའི་བཞུར་རྒྱུན་ཆད་པས་ས་ཁུལ་དེ་རིམ་གྱིས་བྱེ་ཐང་ཞིག་ཏུ་གྱུར་པར་འདོད་དོ།།

Tags:

ས་ཧ་ར་བྱེ་ཐང་ཆེན་པོ། རྒྱ་ཁྱོན།ས་ཧ་ར་བྱེ་ཐང་ཆེན་པོ། སྐྱེ་དངོས།ས་ཧ་ར་བྱེ་ཐང་ཆེན་པོ། ས་ཁུལ།ས་ཧ་ར་བྱེ་ཐང་ཆེན་པོ། གནམ་གཤིས།ས་ཧ་ར་བྱེ་ཐང་ཆེན་པོ། གནའ་རྫས་རྟོག་ཞིབ།ས་ཧ་ར་བྱེ་ཐང་ཆེན་པོ།

🔥 Trending searches on Wiki བོད་སྐད:

འདོད་པའི་དབང་ཕྱུགམཁན་པོ་ངག་ཆུང་ཐག་རྒུལ་འདྲ་གཟུགས།ཟླ་བ་བཞི་པབར་དོ་དྲུག་གི་རྩ་ཚིག་བྱ་ཏེ་མཉམ་འབྲེལ་རྒྱལ་ཚོགས།རྒྱལ་ཁབ་དག་གི་མིང་།ཟླ་༦ཚེས་༢༩ཉིན་ལྷོ་ཕྱོགས།ཧང་ཤོགལ་ཏིན་སྐད།སྟོན་པའི་རྣམ་ཐར།ཟླ་བ་བཅུ་པཆུ་རྒྱུན།སེ་སྣོལ་གནམ་ལྡེ།རྡོ་ལུ་མ།ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་༄༅།། རའོ་མེའུ་ཨོ་དང་ཇོའུ་ལིའུ་ཡ་ཐི།བྱ་ཁྱིའུ།སི་ཏུའི་འགྲེལ་ཆེན་སུག་སྨེལ།༢༠༠༠ལོ།ནམ་དུས།ཨུ་ཟ་བེ་ཀི་སྟན།རྒྱ་གར་རྫོགས་ཆེན་དགོན།ཞི་ཅིན་ཕིངརྗེ་བཙུན་ཐོགས་མེད།དོན་འགྲུབ་རྒྱལ༢༠༣༧ལོ།ཞི་བདེ།༢༠༠༣ལོ།རྩ་རྫས་ཀྱི་དུས་འཁོར་རེའུ་མིག།ནག་མོ་ཁོལ་ཧྥ་རན་སིའི་སྐད།འཇར་མན།རྒྱལ་སྲིད།མེ་ཏོགཨཱསཱམ།སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་ལྷ་གཅིག་ཆོས་ལུགས།ཞི་བྱེད་པ།ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་གུ་རུ་ཆོས་ཀྱི་དབང་ཕྱུག་༢༠༠༤ལོ།ད་ལྟའི་བྱ་བ།དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་པུ་ལྡེ་གུང་རྒྱལ།སྐར་མ་སྨིན་དྲུགམ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།ཐང་སྟོང་རྒྱལ་པོ།སྨྲ་སྒོའི་མཚོན་ཆའི་རྣམ་བཤད་སྨྲ་བའི་རྒྱན་ཟླ་༡༠ཚེས་༢༤ཉིན་ཨོ་ལི་ཝེར་.རྒོ་རྡི་སིམ་སི།འབྲོང་པ་རྫོང་།པུ་རུ་ཟིལ།མནོལ་བསང་ལྷ་ཆབ་སྔོན་མོ་པུ་ར་ག་རི་ཡ།ནི་ཇི་རི་ཡ།དཔལ་དུས་ཀྱི་འཁོར་ལོ་དན་མྲགལྟུང་བཤགས་སའི་གོ་ལ།དབྱིན་ཇི་མཉམ་འབྲེལ།༢༠༠༧ལོ།ཧྥ་ཤི་སིའི་རིང་ལུགས།ཌི་ཛི་ཨ་ནོ་ཝ་ཅེ་ལི་ཡོ།གཙོ་ངོས།🡆 More