ཞང་ཀང

ཞང་ཀང(རྒྱ་ཡིག: 香港、 དབྱིན་ཡིག: Hong Kong)་ མིང་ཡོངས་ལ་ཟེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ(རྒྱ་ཡིག: 中華人民共和國香港特別行政區、 དབྱིན་ཡིག: Hong Kong Special Administrative Region of the People's Republic of China)་ གྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༡༡༠༦དང་ མི་གྲངས་ཁྲི ༧༢༩ལྷག་ཡོད འདུས་སྡོད་བྱེད་པའི་མི་རིགས་ནི་རྒྱ་རིགས་དང་ཧེའུ་རིགས་སོགས་ཡིན མངའ་ཁོངས་སུ་ཞང་ཀང་གླིང་ཕྲན་དང་ཅིའུ་ལུང་ ཞིན་ཅེ། ཉེ་འགྲམ་གྱི་གླིང་ཚོམ་སོགས་ཡོད།

ཞང་ཀང
ཞང་ཀང(香港)
ཞང་ཀང
མེ་ཏོག་སྨུག་པོ་དར་དམར(紫荊花旗)
ཞང་ཀང
འཛིན་ཁུལ་ཁབ(區徽)
ཞང་ཀང
ཞང་ཀང་ས་ཁྲ

ལོ་རྒྱུས།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ནི་ལྷོ་རྒྱ་མཚོའི་ཉེ་འགྲམ་དང་ཀྲུའུ་ཅང་གཙང་བོའི་ཤར་ཕྱོགས་སུ་ཆགས་ཡོད། ༡༨༤༢ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་ནས་དབྱིན་ཇི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་ལ། ༡༩༩༧ལོའི་ཟླ ༧ པའི་ཚེས ༡ ཉིན་ཞང་ཀང་ཀྲུང་གོ་ལ་ཕྱིར་སྤྲད། དེ་རྗེས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་གྱུར་པ་རེད།

དཔལ་འབྱོར།

ཞང་ཀང་ནི་འཛམ་གླིང་གི་མིང་དུ་གྲགས་པའི་རང་དབང་ཚོང་ལས་གྲུ་ཁ་ཞིག་ཡིན་ལ། ད་ལྟ་འཕེལ་རྒྱས་སུ་སོང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ། ཐ་ན་འཛམ་གླིང་ཡོངས་ཀྱི་དངུལ་རྩ་ལྟེ་གནས་གལ་ཆེན་དང་། ཚོང་གཉེར་ལྟེ་གནས། འཕྲུལ་ཆས་ཆུང་བའི་རིགས་ཀྱི་བཟོ་སྐྲུན་ལྟེ་གནས། མཁའ་སྐྱོད་ལྟེ་གནས། ཆ་འཕྲིན་ལྟེ་གནས་བཅས་སུ་གྱུར་ཡོད།

ཡུལ་སྐོར།

ཞང་ཀང་ནི་འཛམ་གླིང་སྟེང་མིང་གྲགས་ཆེ་བའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་ཏེ། ཡུལ་སྐོར་བྱེད་ས་གཙོ་བོ་ལ་རི་བོ་ཐའེ་ཕིང་ཧྲན་དང་། སྟག་གཟིག་བྱེས་བཞུགས་སྤྲོ་ཁང་། རྒྱ་མཚོའི་གླིང་ག སུང་རྒྱལ་རབས་ཀྱི་དུས་སྐབས་ལྟར་བཞེངས་བའི་མཁར་གྲོང་། མཚོ་ཁུགས་ཁྲུས་ར་བཅས་ཡོད་དོ།།

Tags:

དབྱིན་ཡིགརྒྱ་ཡིག

🔥 Trending searches on Wiki བོད་སྐད:

ཨོ་སེ་ཐེ་ལི་ཡ།འབྲོང་པ་རྫོང་།ཧྥ་རན་སི།ཟླ་༤ཚེས་༢༠ཉིན་དོན་གྲུབ་རྒྱལ།རྟེན་འབྲེལ་ཡན་ལག་བཅུ་གཉིས།གསང་སྔགསའཕྲུལ་འཁོར།ཟླ་༩ཚེས་༡༨ཉིན་སྨན།ས་སྐྱ་ལེགས་བཤད།བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།ཟླ་༨ཚེས་༧ཉིན་ཡིའུ་ཐའེ་ཆོས་ལུགས།ཁྱབ་​འཇུགསེ་ར་དགོན།རྒྱ་གར་རྫོགས་ཆེན་དགོན།པེ་རུ།སེ་ཏེའི་ཧྥུ་འོ་པོ་སེ།ལྷོ་མཐའི་གླིང་།བོད་ཀྱི་རྒྱལ་རབས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་སྟོན་པའི་རྣམ་ཐར།འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཛམ་གླིང་འཁྲུག་ཆེན་གཉིས་པ་ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་ཁུ་ནུའི་ངག་སྒྲོན་ཚིག་ལྷུགཔཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།གཟའ་ཉི་མ།ཧྲོའུ་སི།བྱ།རིགས་ལྔ།ཉིང་ཁྲི།དཀྱིལ་འཁོར།མོག་མོག་ཞང་ཀངཐེག་པ་ཆེན་པོ་མདོ་སྡེའི་རྒྱན་རིན་ཆེན་མང་སྦྱོར་ཆེན་མོ་མི་ཁོམ་པའི་གནས་བརྒྱད།ཚད་མ་སྡེ་བདུན་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་རླུང་།རྒྱ་གར་ཆོས་འབྱུང་རིག་གནས་བཅུ།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།མངར་ཟས།སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།འོད་སྦྱོར་ནུས་པ།ཟླ་༤ཚེས་༢༩ཉིན་མེ་ཏོགདུང་དཀར་ཚིག་མཛོད་ཆེན་མོ་རྩོམ་རིག་ཡི་གེའི་རིག་པ།རི་མོ།གྲུབ་མཐའ་སོ་སོའི་བདེན་གཉིས་ཀྱི་འཇོག་ཚུལ་ཆོས་འབྱུང་མ་གཅིག་ལབ་སྒྲོན།དཀོན་མཆོག་གསུམ།མངོན་རྟོགས་རྒྱན་གངས་རིན་པོ་ཆེ།སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་པུ་རུ་ཟིལ།སེའུ།ཟླ་༩ཚེས་༢༦ཉིན་༢༠༣༧ལོ།པེར་ཅིན།གཟའ་པ་སངས།སི་རི་ཡ།རྒྱུད་བླ་མ་ཡུབ་སི་ལོན།ནམ་དུས།🡆 More