སློབ་དཔོན་དབྱིག་གཉེན།

སློབ་དཔོན་དབྱིག་གཉེན་ནི། རྒྱ་གར་གྱི་ནང་པའི་པཎྜི་ཏ། འཕགས་པ་ཐོགས་མེད་ཀྱི་ཡུམ་གཅིག་པའི་གཅུང་། ནཱ་ལེནྡྲར་རབ་ཏུ་བྱུང༌། མང་དུ་ཐོས་པ་དང་ཏིང་ངེ་འཛིན་བརྟན་པོ་ཐོབ། སྡེ་སྣོད་གསུམ་ལ་མཁས་པར་སྦྱངས། ཆོས་མངོན་པའི་སྡེ་སྣོད་ཀྱི་དགོངས་དོན་ངེས་ཕྱིར། ཁ་ཆེའི་ཡུལ་དུ་བྱོན་ནས་མཁས་པ་ཆེན་པོ་དགེ་འདུན་བཟང་པོ་ལས་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་སོགས་གསན་ཏེ་མཁས་པའི་གོ་འཕང་བརྙེས། དེར་གདུལ་བྱ་མང་པོར་ཆོས་མང་དུ་བསྟན། དེ་ནས་ནཱ་ལེནྡྲར་བྱོན་ཏེ་སྡེ་སྣོད་འཛིན་པ་མང་པོ་ལ་ཆོས་རྒྱ་ཆེར་སྟོན་གྱིན་བཞུགས་པ་ན། གཅེན་ཐོགས་མེད་ཀྱིས་ས་སྡེ་སོགས་ཐེག་ཆེན་གྱི་བསྟན་བཅོས་མང་དུ་བརྩམས་པ་གསན་ཅིང་གཟིགས་པས། ལྷག་པའི་ལྷ་ལས་གསན་པ་ཐུགས་མ་ཆེས་ནས། ཐེག་ཆེན་གྱི་ཆོས་དང་གང་ཟག་ལ་སྐུར་པ་བཏབ་པ་ན། འཕགས་པ་ཐོགས་མེད་ཀྱིས་མངགས་པའི་སློབ་མ་གཉིས་ཀྱིས་མདོ་སྡེ་ས་བཅུ་པ་དང༌། བློ་གྲོས་མི་ཟད་པའི་མདོ་གཉིས་སློབ་དཔོན་གྱི་སར་བཏོན་པ་གསན་ཏེ། གཅེན་ཐོགས་མེད་ཀྱི་དྲུང་དུ་ཕྱིན་ཏེ་སྔོན་གྱི་ཉེས་པ་རྣམས་བཤགས་ཤིང༌། ཐེག་ཆེན་གྱི་ཆོས་རྣམས་རིམ་གྱིས་གསན་ཏོ། །རྒྱལ་བ་མྱ་ངན་ལས་འདས་པའི་འོག་ཏུ་སློབ་དཔོན་འདི་ལས་ཐོས་པ་རྒྱ་ཆེ་བ་མ་བྱུང་བས་ཀུན་མཁྱེན་གཉིས་པ་ཞེས་གྲགས་སོ། །སློབ་དཔོན་འདི་ཐེག་ཆེན་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཡང་ཐེག་ཆེན་ལ་ཞུགས་ཤིང༌། ཆོས་མངོན་པ་མཛོད་སོགས་གསུང་རབ་ཀྱང་མང་དུ་བརྩམས། སློབ་མ་དྲུག་ཁྲིར་ལོངས་པ་བྱུང་ཞིང༌། མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་ལ་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ། ཚད་མ་ལ་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པ་འཕགས་པ་གྲོལ་སྡེ་བཅས་སོ། །དགུང་ལོ་བརྒྱ་ལ་ཉེ་བའི་བར་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། མཐར་ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོ་བ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་ཕྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་ཏེ། དེ་ཉིད་དུ་མྱ་ངན་ལས་འདས་སོ། །དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བྱས་སོ། །

Tags:

🔥 Trending searches on Wiki བོད་སྐད:

ཀུན་མཁྱེན་འཇིགས་མེད་གླིང་པ་པེར་ཅིན།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།སེ་འབྲུ།ཟླ་༩ཚེས་༡༨ཉིན་མཁན་སློབ་ཆོས་གསུམ།རིགས་ལྔ།རྒྱལ་ཁབ་དག་གི་མིང་།དགའ་ལྡན་དགོན་པ།རྣམ་དབྱེ་བརྒྱད་གཞིས་ཀ་རྩེ་ས་ཁུལ།ཊ་ཁར་ཏ།བོད་ས་མཐོ།ཝེ་ནེ་ཟུའེ་ལ།བཙན་པོ་རིམ་བྱོན་གྱི་མཚན་བྱང་།སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་ཟླ་༡༢ཚེས་༢༦ཉིན་ཀེར་ལངས།བར་དོའི་ངོ་སྤྲོད་བསྡུས་པ་ཧའེ་ལུང་ཅང་ཞིང་ཆེན།བཟོད་པ།བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ།ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།གཅེར་བུ་བའི་ཆོས་ལུགས།ཁུ་ནུའི་ངག་སྒྲོན་འབྲི་ཆུརྐང་རྩེད་སྤོ་ལོ།བོད་ཀྱི་དེང་རབས་རྩོམ་རིགཟླ་༧ཚེས་༡༩ཉིན་ཚ་རོང་ཟླ་བཟང་དགྲ་འདུལ་རྒྱལ་ཚབ་དར་མ་རིན་ཆེན།རྩོམ་རིག་གི་ལོ་རྒྱུས་རགས་བཤད།ཆོས་དད་རང་མོས།ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་དཔྱད་རགས་བསྡུས།སྲིད་པའི་འཁོར་ལོ།ཨ་ཅེ་ལྷ་མོ།རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་ནད་རིགས་བཞི་བརྒྱ་རྩ་བཞི་གཤིན་རྗེ།བསྟོད་པ་ཆུ་འཛིན་དཀར་པོ་མ།གནམས་ལྕགས་འབར་བ།རམས་ཕྱིས།ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་རྣམ་ཐར་བསྡུས་པ།དགའ་ལྡན་ལྔ་མཆོད།འབྲས་སྤུངས་དགོན།མངལ་གྱི་གནས་སྐབས་ལྔ་དངུལ་ལོར།སེར་པོ།བློ་སྦྱོང་ཚིག་རྐང་བརྒྱད་མ་ཨི་ཏ་ལི།ཚངས་པ།བོད་ཆོལ་ཁ་གསུམ།རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།བོད་ཡུལ།འཚོ་བ།༄༅།། བར་དོ་ཐོས་གྲོལ།སད་ཀྱིས་བཅོམ་པའི་མེ་ཏོག༢༠༠༤ལོ།ཉི་གདུགས་གླ་བ།ཕྲེང་བ།ཐོན་མི་སམ་བྷོ་ཊ་༢༠༠༩སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་བཙན་གཡེམ།སྣོད་ཀྱི་སྐྱོན་གསུམ།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དགའ་ལྡན་ལྔ་མཆོད་ཆེན་མོ་🡆 More