སྟག་འབུམ་རྒྱལ།

བོད་ཀྱི་དེང་རབས་སྒྲུང་གཏམ་པ། ༡༩༦༦ལོར་མདོ་སྨད་མང་རའི་ཡུལ་དུ་སྐྱེས། ༡༩༨༨ལོ་ནས་༡༩༩༠ལོའི་བར་ནུབ་བྱང་མི་རིགས་སློབ་གླིང་དུ་ཟབ་སྦྱོང་བྱས།ད་ལྟ་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་ཁུར་ཡོད།

བྱ་དགའ།

སྐབས་གཉིས་པ་དང་བཞི་བ་དང་ལྔ་བའི“སྦྲང་ཆར་བྱ་དགའ”དང་། མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བ་དང་ལྔ་བའི་ཕུལ་བྱུང་རྩོམ་རིག་བྱ་དགའ། རྒྱལ་ཡོངས་སྐབས་གཉིས་བའི་གངས་རྒྱན་བུམ་པའི་རྩོམ་རིག་བྱ་དགའ། མཚོ་སྔོན་པོ་རྩོམ་རིག་བྱ་དགའ(རྒྱ་ཡིག)སོགས་ཐོབ།

བརྩམས་ཆོས་གཙོ་བོ།

སྒྲུང་རིང་། ལྷིང་འཇགས་ཀྱི་རྩྭ་ཐང་། རྒུད།

སྒྲུང་ཐུང་། ཉིན་གཅིག་གི་ཆོ་འཕྲུལ། ང་ནི་ཨ་བྲ་གསོད་པའི་རྫས་ཤིག་འཚོལ་དུ་འགྲོ་བ་ཡིན། ཉི་མ་ནུབ་རིར་ཡོལ་དུས། སྡུག་གི་ལོ་མ་ཆང་གིས་བངས་པ་མིན།

སྒྲུང་འབྲིང་། ཁྱི་དང་བདག་པོ། ད་དུང་གཉེན་ཚན་དག

དེ་མིན་སྔ་ཕྱིར《སྦྲང་ཆར།》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》སོགས་སུ་སྒྲུང་གཏམ་ཐུང་འབྲིང་རིང་གསུམ་༧༠ལྷག་སྤེལ།སྒྲུང་ཐུང《དགེ་རྒན་ཝང་ལགས།》དང《ཉིན་གཅིག་གི་ཆོ་འཕྲུལ།》《ཉི་མ་ནུབ་རི་ཡོལ་དུས།》བཅས་རྒྱ་ཡིག་ཏུ་བསྒྱུར་ཏེ《མི་རིགས་རྩོམ་རིག》སོགས་སུ་སྤེལ་ཅིང༌།དེ་ལས《ཉིན་གཅིག་གི་ཆོ་འཕྲུལ།》ཞེས་པ་ཧྥ་རན་སེའི་སྐད་ཡིག་ཏུ་བསྒྱུར།སྒྲུང་རིང《རྣམ་ཤེས།》ལ་སྐབས་གཉིས་པའི“སྦྲང་ཆར་རྩོམ་རིག་གི་བྱ་དགའ”ཐོབ།༡༩༩༩ལོར་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང༌།》(《རྣམ་ཤེས》བཟོ་བཅོས་བརྒྱབ་རྗེས་ཀྱི་མིང)ཞེས་པ་དཔེ་དེབ་ཏུ་བསྐྲུན་ཅིང༌།ལོ་དེར་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་པའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་ཐོབ།།

Tags:

🔥 Trending searches on Wiki བོད་སྐད:

སྡེ་སྲིད་སངས་རྒྱས་རྒྱ་མཚོ།སྒྲུང་གཏམ་བྲི་བར་ཇི་ལྟར་འཇུག་དགོས་ཙོ་ལུའུའི་སྐད།དགའ་ལྡན་གསེར་ཁྲི་རིམ་བྱོན་བོད་ཀྱི་རྒྱལ་རབས་ཆབ་མདོ།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།འུ་དུམ་བཙན་པོ།ཨ་མེ་རི་ཁ་གླིང་ཆེན།ལྡེ་སྤྲིན་བཙན།༡༧༤༢ལོ།ཧྥིན་ལན།ལྡེ་འཕྲུལ་ནམ་གཞུང་།སྒོ་ཕྱུགས་སེམས་ཅན།ཟླ་༣ཚེས་༢༧ཉིན་ཡེ་ཤུའི་ཆོས་ལུགསབྷང་ལ་རྡེ་ཤུ།སོ་ལོ་མོན་གླིང་ཕྲན་ཚོ་ཁགསངས་རྒྱས། (ཐ་སྙད།)ལུས་ཀྱི་རྩ་མདུད་གྲོལ་བདེ་སྨོན་བསྡུས་པ་རིག་གནས།ཁམས་གསུམ་ཐོན་མི་སམ་བྷོ་ཊ་ས་སྐྱ་པ།བཅོམ་ལྡན་འདས།དབྱིན་ཇི་མཉམ་འབྲེལ།རིག་གནས་བཅུ།སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ཚགས་པར།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།ལུགས་ཀྱི་བསླབ་བྱ་མུ་ཏིག་ཕྲེང་མཛེས་རྒྱ་གར་ཆོས་འབྱུང་ཏོའོ་ཅོའོ་ཆོས་ལུགས།ཁྲི་བཙན་ནམ།སྤགས་ཞང་ཀངརྩ་རྫས་དང་རྩ་རྫས་ཀྱི་ཁྱད་ཆོས།ཀོ་ཊི་ཌི་ཨའི་བོ་རི།སི་ཏུའི་འགྲེལ་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་ནེའུ་ཡོར་ཀ།ཨི་ཤོ་ལེགས།མལ་ཏ།རྡོ་རྗེ་འཇིགས་བྱེད།པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་བོད་ཡོན་ཏན་གཞིར་གྱུར་མ་ཨོཾ་མ་ཎི་པ་དྨེ་ཧཱུྃ།རྡོ་རིང་བསྟན་འཛིན་དཔལ་འབྱོར་ཁྲི་གཉན་གཟུངས་བཙན།བློ་སྦྱོང་ཚིག་རྐང་བརྒྱད་མ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།འཇར་མན།སྙན་ངག་མེ་ལོང་བཞུགས་སོ།།ཡཱ་ཁོ་དང་ཝེ་ལེམ་.ཀོ་ལིམ།རྡོ་རྗེ་བྲག་དགོན།གླུད་སྐྱེ་དངོས་རིག་པ།ཁུ་ནུའི་ངག་སྒྲོན་🡆 More