སྐུང་ཡིག

སྐུང་ཡིག མིང་ཚིག་ཐ་སྙད་སྐུང་ནས་འབྲི་སྟངས་ཤིག བོད་ཀྱི་རྒྱུན་སྤྱོད་བྲིས་མའི་ཡིག་རིགས་ལ་ཁྱབ་ཆེ་ཞིང་། འབྲི་སླ་བ་དང་ཤོག་བུ་གྲོན་ཆུང་གི་ཆེད་དུ་དེ་ལྟར་འབྲི་བ་ཡིན། དཔེར་ན། སངས་རྒྱས་ལ་སརྒྱས་འབྲི་བ་དང་། བཀྲ་ཤིས་ལ། བཀྲས་འབྲི་བ། དཔལ་ལྡན་ལ་དཔལྡན་འབྲི་བ་ལྟ་བུའོ། སྐུང་ཡིག་ནི། སྐད་ཡིག་གི་གཟུགས་དང་སྒྲ་སྟབས་བདེ་དང་མྱུར་ཐབས་སུ་བཀོལ་བའི་རྣམ་པ་ལ་ཟེར། གོ་དོན་གྱི་ཆ་ནས། རྒྱ་ཆེ་ཆུང་གཉིས་ཡོད། གོ་དོན་རྒྱ་ཆུང་བ་ནི་སྲོལ་རྒྱུན་དཔེ་ཆ་ལག་བྲིས་བྱེད་སྐབས་ཤོག་བུ་འགྲོ་སོང་དང་ཡི་གེའི་ཐུང་ཐབས་སུ་ཡིག་འབྲུའི་ཆ་ཤས་སྐུང་བ་ཟེར། གོ་དོན་ཆེ་ས་ནས་ཡིག་གཟུགས་དང་སྒྲ་གདངས་གཉིས་ལ་བཞིག་ནས་འགྲེལ་དགོས་པ་ཡིན། དེ་ནི་དེང་སང་མྱུར་འགོད་པའི་ཆེད་ལས་ལ་དགོས་ངེས་ཀྱི་ཤེས་བྱ་ཡིན། དེ་ཡང་བོད། རྒྱ། ཨིན་གསུམ་ཆར་ཀྱི་སྐད་ཡིག་ལ་སྐུང་ཡིག་ཟེར་བ་ཡོད་པ་ཡིན། སྐུང་ཡིག་ནི་སྐད་ཡིག་རིགས་གང་ཞིག་སྤྱི་ཚོགས་འཚོ་བ་དང་ཐོན་སྐྱེད་ཁྲོད་མི་རྣམས་ཀྱིས་བྱང་ཆ་ལྡན་པར་ཕན་ཚུན་བརྡ་སྤྲོད་བྱེད་དུ་བཀོལ་ཐུབ་སྐབས་ད་གཟོད་བེད་སྤྱོད་རྒྱ་ཆེ་པོར་འགྲོ་བ་དང་། དེ་ལས་ཟློག་སྟེ། སྐད་ཡིག་རིགས་གང་ཞིག་རང་གི་ཕ་སྐད་ཡིན་པའི་མི་མང་མོས་བེད་སྤྱོད་ཐུབ་ཀྱི་མེད་ན་ཐོག་མར་ཉམས་སྲིད་པའི་ཡིག་རིགས་དེའི་ཆ་ཤས་ཙམ་མོ།། དེ་ལ་དབྱེ་ན། གཟུགས་སྐུང་ཡོད་ལ་སྒྲ་མ་སྐུང་བ། དཔེར་ན། སརྒྱས།༼སངས་རྒྱས།༽ བདཻཊ།༼བདེ་ལེགས།༽ ཡཻས།༼ཡེ་ཤེས།༽ དལྡན།༼དཔལ་ལྡན།༽ ལྟ་བུ། གཟུགས་སྐུང་ཡོད་ལ་སྒྲ་ཡང་སྐུང་ཡོད་པ། དཔེར་ན། དགེན།༼དགེ་རྒན།༽ ཡིག༼ཡི་གེ༽ སྦུག༼སྦུ་གུ༽ མོང་།༼མ་ཡོང་།༽ ལྟ་བུ།། གཟུགས་སྐུང་མེད་ལ་སྒྲ་སྐུང་སྲིད་པ། དཔེར་ན། བཀྲ་ཤིས་དོན་འགྲུབ་༼བཀྲ་དོན།༽ རྣམ་པར་སྣང་མཛད།༼རྣམ་སྣང་།༽ མི་དམངས་སྲིད་གཞུང་།༼དམངས་གཞུང་།༽ ལྟ་བུ།

Tags:

🔥 Trending searches on Wiki བོད་སྐད:

མི་ཅི་གྷན།པཎྜི་ཏ་སྨྲི་ཏི་སྙིང་ཐིག་སྔོན་འགྲོའི་དམིགས་རིམ་བསྡུས་པ་སྨོན་གྲོལ་གླིང་དགོན།རིག་གནས་གསར་བརྗེ་ཆེན་པོམོ་ན་ཁོ།བོད་ཀྱི་རྡོ་རིང་ཆེན་པོ་གཉིས་དངོས་ཁམས་རིག་པ་ལམ་གཙོ་རྣམ་གསུམ་ཟླ་༡༢ཚེས་༢༦ཉིན་བོོད་ཀྱི་རྒྱལ་རབས་རིམ་བྱོན་བོད་ཁམས་སིལ་བུར་འཐོར་བའི་དུས་སྐབས།མིང་གི་ཚོགས་པ་ཀ་མད་སུམ་ཅུ་རི་མོ།རྒྱ་གར།ཐེག་ཆེན་ཚུལ་འཇུག་གཤིན་རྗེ།རྐང་རྩེད་སྤོ་ལོ།བོད་རང་སྐྱོང་ལྗོངས།༡༧༡༦ལོ།མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།ར་རྒོད།སྣར་ཐང་དགོན།ཞུས་ཀོང་ཆི།སྲིད་པའི་འཁོར་ལོ་ལྕགས།ཕག་གྲུའི་སྲིད་སྐྱོང་དུས་རབས།ཁོ་ཁེ་གླིང་ཚོམ།ཆོས་ཀྱི་ཕུང་པོ་སྲོང་གཙན་སྒམ་པོའི་མཛད་བརྗེད་སྐོར།མའ་མའོ་སྒྲི་ཨ་མ་སྒྲེན་ཅ་ཊི།བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་ཙམ་གླེང་པ།གཉའ་ཁྲི་བཙན་པོ་རྡོ་རིང་བསྟན་འཛིན་དཔལ་འབྱོར་སྲོག་ཆགས་ཚེ་ཐར་ཕོ་གཞོན།སྐྱ་ཀ།སྨར་ཁམས་རྫོང་ཨ་རབ་སྐད།༢༠༡༤ལོའི་འཛམ་གླིང་བུ་པའི་མགྲན་སྡུར་གྱི་སྐོར།བོད་ཀྱི་རྩོམ་རིག༼ར་མ་ཡ་ན།༽རོལ་མོའི་བྱེ་བྲག་བཅོ་བརྒྱད།པུ་ལ་ཁེ།ཨེ་ཙིའི་ནདརིག་གནས་བཅུ།སྐད་བརྡ་རིག་པ།བཙན་གཡེམ།གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་བོད་ཆོལ་ཁ་གསུམ།སྔོན་གྱི་ཆོ་ག་བཅུ་ནིའུ་ཛི་ལེན་ཌི།བོད་ཀྱི་ཆོས་ལུགས་རོལ་ཆསཟླ་༡༠ཚེས་༡ཉིན་རྒྱུད་བཞི་རིན་སྤུངས་རྫོང་།གནམ་ལྡེ་འོད་སྲུངས་རིན་ཆེན་བྱུ་དམར་ཉེར་ལྔ་བཀྲ་ཤིས་བརྒྱད་པསྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།གསེར།ཧེག་ཐ།སྒྲུང་གཏམ༼གཙུག་གཡུ༽ཟླ་༧ཚེས་༡༩ཉིན་སྤྱན་རས་གཟིགས།རྒྱ་སྐདསྨར་ཁམས་རྫོང་།བརྒྱ་བཞིའི་ཆོ་ག་པདྨ་འོད་འབར་སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་🡆 More