རྙིང་མ་པ།

གསང་སྔགས་རྙིང་མའི་ཆོས་བརྒྱུད་པ་རྣམས་ལ་རྙིང་མ་པ་ཞེས་པ་ཡིན། ཉམས་ལེན་གྱི་གཙོ་བོ་བོད་ཀྱི་ལོ་ཙཱ་བ་ཐོག་མ་ཐོན་མི་སམྦྷོ་ཊ་ནས་ལོ་ཙཱ་བ་རིན་ཆེན་བཟང་པོ་ཡན་ལ་བསྒྱུར་པའི་མདོ་སྔགས་ཀྱི་གཞུང་ལུགས་ཁག་སྟེ་རིང་བརྒྱུད་བཀའ་མ་དང་། ཁྱད་པར་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གཏེར་དུ་སྦས་ཤིང་ཕྱིས་ཀྱི་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་གདན་དྲངས་པའི་ཟབ་ཆོས་བླ་རྫོགས་ཐུགས་གསུམ་སོགས་ཉེ་བརྒྱུད་གཏེར་མའི་ཆོས་སྐོར་གྱི་ཉམས་ལེན་གཙོ་ཆེར་མཛད།

རྙིང་མ་པ།
པདྨ་འབྱུང་གནས།

གསང་སྔགས་རྙིང་མ་པའི་ཐུན་མིན་ལྟ་གྲུབ།

ཉན་ཐོས་ཐེག་པ་ནས་བཟུང་སྟེ་ཡང་གསང་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་བར་གང་ཟག་དབང་པོའི་རིམ་པ་དང་མཐུན་པར་རིམ་དགུ་ཐེག་པའི་རྣམ་གྲངས་སོ་སོའི་སྐབས་སུ་ཆོས་ཅན་ལྟ་བའི་ལྟ་བ་དང་། ཆོས་ཉིད་ལྟ་བའི་ལྟ་བ་དང་། རང་རིག་ལྟ་བའི་ལྟ་བ་གསུམ་རེའི་སྒོ་ནས་གཏན་ལ་ཕབ་ཏེ་གྲུབ་མཐའི་འཇོག་ལུགས་མདོ་རྒྱུད་སོ་སོའི་དགོངས་དོན་དང་མཐུན་པར་མཛད་པ་རྣམས་གསང་སྔགས་རྙིང་མའི་ཐུན་མིན་གྱི་ལྟ་གྲུབ་འཛིན་སྟངས་ཡིན། འདི་དག་གི་སྐོར་ནང་རྒྱུད་བླ་མེད་ཀྱི་ཆོས་སྐོར་རྣམས་སུ་རྒྱ་ཆེར་བསྟན་ཅིང་། ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏ་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་། ཀུན་མཁྱེན་འཇིགས་མེད་གླིང་པ། ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་བཅས་ཀྱིས་མཛད་པའི་རྒྱལ་བའི་བཀའི་དགོངས་འགྲེལ་ཁག་ཏུའང་གསལ་རྒྱས་རྫོགས་གསུམ་གྱིས་གཏན་ལ་ཕབ་ཡོད།

གསང་སྔགས་རྙིང་མ་པའི་ཆོས་སྡེ་ཁག

བོད་དུ་གསང་སྔགས་རྙིང་མའི་ཆོས་སྡེ་གྲགས་ཆེ་བ་ཁག་ལ། སྔོན་ཟུར་པའི་བཤད་གྲྭ་འུག་བྱང་ལུང་པ་ཡིན་ཡང་། ཕྱིས་སུ་སྟོད་ན་རྡོར་སྨིན། བར་ན་ཞེ་རྫོགས། སྨད་ན་ཀཿདཔལ་ཞེས་གྲགས་པ་ལྟར། བོད་དུ་གཙོ་ཆེ་བ་མ་དགོན་དྲུག་ཏུ་གྲགས་པ་སྟེ། རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་དང་། ཞེ་ཆེན་དང་། རྫོགས་ཆེན་དང་། ཀཿཐོག་དང་། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་བཅས་དང་། གཞན་ཡང་། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དང་། ཡ་ཆེན་སྒར་སོགས་དེང་སང་གྲགས་ཆེ་བའི་ཆོས་སྡེ་ཧ་ཅང་མང་།

བལ་ཡུལ་དུ་སེར་དགོན་བཤད་སྒྲུབ་ཟུང་འབྲེལ་གླིང་དང་། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་དང་། ཐུབ་བསྟན་ཆོས་གླིང་དང་། སྔ་འགྱུར་བཤད་སྒྲུབ་འདོད་འཇོ་གླིང་དང་། ཨོ་རྒྱན་རྡོ་རྗེ་ཆོས་གླིང་དང་། སྔ་འགྱུར་རྗེས་དྲན་སློབ་གྲྭ་སོགས་དང་།

རྒྱ་གར་དུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དང་། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང་། རྫོགས་ཆེན་དགོན་པ་དང་། རི་དགོན་ཨོ་རྒྱན་སྨིན་གྲོལ་གླིང་དང་། ཨེ་ཝཾ་ལྕོག་སྒར་དང་། ཉི་གྲགས་དགོན་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་། ཤུག་གསེབ་ཨོ་རྒྱན་ཆོས་རྫོང་བཅས་མཆིས།

Tags:

🔥 Trending searches on Wiki བོད་སྐད:

ཚེ་མདོཕར་ཕྱིན་དྲུག་དཀྱིལ་འཁོར་ལ་རིགས་ག་ཚོད་ཡོད་དམསྐྱེ་དགུའི་བདག་མོ་པ་ཀི་སི་ཐནཤིང་ཏོགཡོ་བ།གསང་སྔགས་གསར་རྙིང་སྔོ་ཚལ་ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་ཨའོ་ཐ།པུ་ལ་ཁེ།ཨེ་ཛེའི་ནད་སློབ་དཔོན་ཐུ་མི་སམ་བྷོ་ཊ།བསྟོད་པ་ཆུ་འཛིན་དཀར་པོ་མ།དབྱི་སི་ལམ་ཆོས་ལུགས།སྙན་ངག་མེ་ལོང་བཞུགས་སོ།།རང་ཤི་རྒྱབ་པ།ཚད་མ་རྣམ་འགྲེལ།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཨུ་རུ་སུའི་སྐད།རྡོ་རྗེ་གཅོད་པ་ཁུ་ནུའི་ངག་སྒྲོན་དབྱིན་ཇིའི་སྐད།སྲོག་ཆགས་བུད་མེད་ཀྱི་སྡོམ་པའི་སྐོརསྣང་སྲིད་རིག་པ།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།དེ་བཞིན་གཤེགས་པ།རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་པའི་དཀར་ཆག་ཞི་མི།མྱུར་མཛད་མ།ནང་པའི་རྩ་གཞུང་ཀུན་བཏུས།ལའོ་སུ།བོད་ཀྱི་ཆོས་ལུགས་རོལ་ཆསསྐྲ་སྐར་སྙིང་ཐིག་སྔོན་འགྲོའི་དམིགས་རིམ་བསྡུས་པ་ཨེ་ཙིའི་ནདཚ་རོང་ཟླ་བཟང་དགྲ་འདུལ་མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས།འཆི་ཁ་བར་དོའི་ངོ་སྤྲོད་གསལ་བའི་མེ་ལོང་འོད་གསལ་ཉི་མའི་སྙིང་པོ་སྐྱ་ཀ།ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་ཤིང་།དབྱིན་ཡིགཔཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་བཀའ་བརྒྱུད་པ།ཆང་རགཞྭ་ལྷ་ཁངགཞིས་ཀ་རྩེ་ས་ཁུལ།སྔོན་པོ།བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ།ཁྲག་གཏར་བའི་གསོ་བཅོས་ཨེག་སི་-ཨེན་-ཕོ་རོའོ་ཝང་སི།ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས།ལྦེ་ཁེ་རིག་མཛོད༢༠༠༨ལོའི་དབྱར་ཁའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།དིང་རི་བརྒྱད་ཅུ་པ་ཀྲུང་གོའི་རང་སྐྱོང་ལྗོངས།སྲིད་པ་འཁོར་ལོ་དགའ་ལྡན་ལྔ་མཆོད་ཆེན་མོ་ཀརྨ་པ་དེ་བཞིན་གཤེགས་པ་ཕོ་ལན།པདྨ་སྐལ་བཟང་རྔ་བ་བོད་རིགས་ཆ་བ༹ང་རིགས་རང་སྐྱོང་ཁུལ་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་བོད་ཡུལ།སུམ་ཅུ་པའི་རྩ་བ་ལེགས་བཤད་ལྗོན་དབང་རྗེ་འབངས་ཉེར་ལྔ་སྐྱེ་བ་སྔ་ཕྱི་🡆 More