བར་དོ་དྲུག་གི་རྩ་ཚིག་

བར་དོ་དྲུག་གི་རྩ་ཚིག་བཞུགས་སོ༔ ཀྱེ་མ༔ བདག་ལ་སྐྱེ་གནས་བར་དོ་འཆར་དུས་འདིར༔ ཚེ་ལ་ལོང་མེད་ལེ་ལོ་སྤང་བྱས་ནས༔ ཐོས་བསམ་སྒོམ་གསུམ་མ་ཡེངས་ལམ་ལ་འཇུག༔ སྣང་སེམས་ལམ་སློང་སྐུ་གསུམ་མངོན་གྱུར་བྱ༔ མི་ལུས་ལན་གཅིག་ཐོབ་པའི་དུས་ཚོད་འདིར༔ ཡེངས་མ་ལམ་ལ་སྡོད་པའི་དུས་ཚོད་མིན༔ ཀྱེ་མ༔ བདག་ལ་རྨི་ལམ་བར་དོ་འཆར་དུས་འདིར༔ གཏི་མུག་རོ་ཉལ་བག་མེད་སྤངས་བྱས་ནས༔ དྲན་པ་ཡེངས་མེད་གནས་ལུགས་ངང་ལ་འཇུག༔ རྨི་ལམ་བཟུང་ནས་སྤྲུལ་བསྒྱུར་འོད་གསལ་སྦྱངས༔ དུད་འགྲོ་བཞིན་དུ་ཉལ་བར་མ་བྱེད་ཅིག༔ གཉིད་དང་མངོན་སུམ་འདྲེས་པའི་ཉམས་ལེན་གཅེས༔ ཀྱེ་མ༔ བདག་ལ་བསམ་གཏན་བར་དོ་འཆར་དུས་འདིར༔ རྣམ་གཡེང་འཁྲུལ་པའི་ཚོགས་རྣམས་སྤངས་བྱས་ནས༔ ཡེངས་མེད་འཛིན་མེད་མཐའ་བྲལ་ངང་ལ་འཇོག༔ བསྐྱེད་རྫོགས་གཉིས་ལ་བརྟན་པ་ཐོབ་པར་བྱ༔ བྱ་བ་སྤངས་ནས་རྩེ་གཅིག་བསྒོམ་དུས་འདིར༔ ཉོན་མོངས་འཁྲུལ་པའི་དབང་དུ་མ་གཏང་ཞིག༔ ཀྱེ་མ༔ བདག་ལ་འཆི་ཁ་བར་དོ་འཆར་དུས་འདིར༔ ཀུན་ལ་ཆགས་སེམས་ཞེན་འཛིན་སྤངས་བྱས་ནས༔ གདམས་ངག་གསལ་བའི་ངང་ལས་མ་ཡེངས་འཇུག༔ རང་རིག་སྐྱེ་མེད་ནམ་མཁའི་དབྱིངས་སུ་འཕོ༔ འདུས་བྱས་ཤ་ཁྲག་ལུས་དང་འབྲལ་ལ་ཁད༔ མི་རྟག་སྒྱུ་མ་ཡིན་པར་ཤེས་པར་བྱ༔ ཀྱེ་མ༔ བདག་ལ་ཆོས་ཉིད་བར་དོ་འཆར་དུས་འདིར༔ ཀུན་ལ་སྔངས་སྐྲག་འཇིགས་སྣང་སྤངས་བྱས་ནས༔ གང་ཤར་རང་སྣང་རིག་པ་ངོ་ཤེས་འཇུག༔ བར་དོའི་སྣང་ཚུལ་ཡིན་པར་ཤེས་པར་བྱ༔ དོན་ཆེན་འགགས་ལ་ཐུག་པའི་དུས་ཤིག་འོང་༔ རང་སྣང་ཞི་ཁྲོའི་ཚོགས་ལ་མ་འཇིགས་ཤིག༔ ཀྱེ་མ༔ བདག་ལ་སྲིད་པ་བར་དོ་འཆར་དུས་དེར༔ འདུན་པ་རྩེ་གཅིག་སེམས་ལ་བཟུང་བྱས་ནས༔ བཟང་པོ་ལས་ཀྱི་འཕྲོ་ལ་ནན་གྱིས་མཐུད༔ མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ༔ སྙིང་རུས་དག་སྣང་དགོས་པའི་དུས་ཤིག་ཡིན༔ མིག་སེར་སྤངས་ལ་བླ་མ་ཡབ་ཡུམ་བསྒོམ༔ འཆི་བ་འོང་སྙམ་མེད་པའི་བློ་རིང་པོ༔ དོན་མེད་ཚེ་འདིའི་བྱ་བ་སྒྲུབ་སྒྲུབ་ནས༔ ད་རེས་སྟོང་ལོག་བྱས་ན་ཤིན་ཏུ་འཁྲུལ༔ དགོས་ངོ་ཤེས་པ་དམ་པའི་ལྷ་ཆོས་ཡིན༔ ད་ལྟ་ཉིད་དུ་ལྷ་ཆོས་མི་བྱེད་དམ༔ གྲུབ་ཆེན་རྣམས་ཀྱི་ཞལ་ནས་འདི་སྐད་གསུངས༔ བླ་མའི་གདམས་ངག་སེམས་ལ་མ་བཞག་ན༔ རང་གིས་རང་ཉིད་བསླུ་བར་མི་འགྱུར་རམ༔ ཞེས་གསུངས་སོ༔ བར་དོ་ཐོས་གྲོལ་གྱི་རྩ་ཚིག་འདི༔ འཁོར་བ་མ་སྟོང་གི་བར་དུ་མ་རྫོགས་སོ༔

Tags:

🔥 Trending searches on Wiki བོད་སྐད:

རྒྱལ་ཁབ་དག་གི་མིང་།སྨོན་གྲོལ་གླིང་དགོན།བཙན་བྱོལ་བོད་གཞུང་།ར་མོ་ཆེའི་གཙུག་ལག་ཁང་།ཁྲི་སྲོང་ལྡེ་བཙན།སྡེ་དགེརྡོ་རྗེ་ཤུགས་ལྡན་མིང་གི་ཚོགས་པ་བཀྲ་ཤིས་བརྒྱད་པ་ཏན་ཛ་ནི་ཡ།ཁོ་ཁེ་གླིང་ཚོམ།ལུག་ཚང་དཔལ་ཡོན་སངས་རྒྱས། (ཐ་སྙད།)ཡིག་བརྒྱ་འདོད་པའི་བསྟན་བཅོས།སྨུག་པོའི།ཨི་རི་ཏྲའ།ཐེ་བོ།བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་བཙན་པོ་རིམ་བྱོན་གྱི་མཚན་བྱང་།བོད་ཀྱི་དེང་རབས་རྩོམ་རིགརམས་ཕྱིས།ཨེ་ཛིའི་ནད་རིགས་ལྔ།བོད་པའི་དགོན་སྡེའི་ཐོ།མོན་ཊེནིག་རོ།སྣར་ཐང་དགོན།གཅེར་བུ་བའི་ཆོས་ལུགས།རྐང་རྩེད་སྤོ་ལོ།ཀེར་ལངས།མ་རིག་པ།ཁམས་གསུམ་ཚོང་ལས།ཧེག་ཐ།ཧའེ་ལུང་ཅང་ཞིང་ཆེན།སྐྱེ་བ་སྔ་ཕྱི་པཎྜི་ཏ་སྨྲི་ཏི་གླིང་བུ།དབྱིན་ཇི་མཉམ་འབྲེལ།དཀྱིལ་འཁོར།ཨ་ཁ་ར།རྣམ་དབྱེ་བདུན་པ་གནས་གཞི་མི་ཆོས་གནད་ཀྱི་ཕྲེང་པ་ཆུ།ཀ་ཏ་མན་ཏུ།མཛེ་ནད།གསང་སྔགས་རྙིང་མ་དགེ་ལུགས་པ།ལུ་ཟོན།པོམ་པེ་ཡི།གསེར་བཙོ་རྩལ།དགའ་ལྡན་དགོན་པ།ཀ་ར་ཆིགྲོ།རྒྱ་སྐདམཎྜལ།འབྲུག་གི་རྒྱལ་དར།ཁྲག་གཏར་བའི་གསོ་བཅོས་མཎྜལ་བཞི།ཨུ་རུ་སུ།དགའ་ལྡན་དགོན།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།མངོན་རྟོགས་རྒྱན་བོད་ཀྱི་རྒྱལ་རབས་བསམ་པའི་དགའ་རོགས།ཞོགས་དུང་།སྔོན་གྱི་ཆོ་ག་བཅུ་རྣམ་དབྱེ་གསུམ་པ་བྱེད་སྒྲ་བསམ་པ་ལྷུན་འགྲུབ་མ་བཞུགས་སོ།སད་ཀྱིས་བཅོམ་པའི་མེ་ཏོག🡆 More