ན་

ན 1.བོད་ཡིག་གསལ་བྱེད་བཅུ་གཉིས་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་སྣ་དང་བཅས་པ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་སོ་ལྕེ་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་ཤིན་ཏུ་མོའི་ཡི་གེ་ཞིག 3.རྗེས་འཇུག་གི་མ་ནིང་ཡི་གེ་ཞིག 4.མིའི་ལོ་གྲངས་ཀྱི་ཚོད་དེ།

              (དཔེར་ན།) ལོ་ན་མཐོན་པོ། ཕྲུ་གུ་ནར་མ་སོན་པ།   

5.ལོ་ལྔ་ལོན་པའི་རྟ་དྲེལ་གྱི་ལོ། 6.ཆུ་རླན་ཆེ་བའམ་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་ལྗོངས།

              (དཔེར་ན།) རྐྱང་ཁ་དཀར་རྨིག་བཞི་ན་ལ་ཟུག    

7.ཚིག་ཕྲད་ན་ཡིག 1>དམིགས་ཀྱིས་དབྱེ་བ།

              (དཔེར་ན།) དངོས་སུ་ན། མདོར་བསྡུས་ན། ཡིན་གྲང་ན་ཞེས་པ་ལྟ་བུ།   

2>རྒྱུ་མཚན་སྟོན་པ།

              (དཔེར་ན།) མེ་ཡོད་ན་དུ་བ་འབྱུང༌། ས་བོན་བཏབ་ན་འབྲས་བུ་སྐྱེ་ཞེས་པ་ལྟ་བུ།   

3>རྒྱུ་མཚན་དོན་གྱིས་སྟོན་པ།

              (དཔེར་ན།) ནད་མེད་ན་སྨན་པ་ཅིའི་ཕྱིར་བསྟེན། ཆང་མ་བཏུང་ན་ར་བཟི་དོན་མེད། ཆུ་མེད་ན་ཉ་ག་ལ་ཡོང༌ཞེས་པ་ལྟ་བུ།   

4>ཚིག་འགལ་བར་སྟོན་པ།

              (དཔེར་ན།) ཁོ་རང་མཁས་པ་ཡིན་པར་གྲགས་ནའང་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་པའི་རྨོངས་པ་ཞིག་རེད་འདུག་ཅེས་པ་ལྟ་བུ།    

5>འོས་པར་དཀའ་བ།

              (དཔེར་ན།) ཁྱི་ལའང་འཇིགས་ན་སེང་གེ་ལ་བཤད་མི་དགོས། མི་རྒན་པས་འཁུར་མི་ཐུབ་ན་ཕྲུ་གུས་ལྟ་ཅི་སྨོས། ནད་པ་དེ་ཕར་ཚུར་འགྲོ་ཐུབ་ན་ཡར་ལང་ཐུབ་པ་སྨོས་ཅི་འཚལ་ཞེས་པ་ལྟ་བུ།  

6>ཕྱི་ཚིག་ངེས་པར་བྱེད་པ།

              (དཔེར་ན།) དུད་འགྲོ་རྣམས་ཤིན་ཏུ་རྨོངས་ན་མིའང་དེ་ལྟར་འདུག  འབྲོག་པས་ཞིང་འདེབས་མི་ཤེས་ན་སོ་ནམ་པས་ཞིང་ཁ་འདེབས་མི་ཤེས་པའང་འདུག་ཅེས་པ་ལྟ་བུ།   

7>སྨོན་པ།

              (དཔེར་ན།) བདེ་བ་དང་ལྡན་ན་ཅི་མ་རུང་ཞེས་པ་ལྟ་བུ།  

8>ཐེ་ཚོམ་སྟོན་པ།

              (དཔེར་ན།) ས་བོན་ནི་བཏབ་ཟིན་ན་འདི་ལས་མྱུ་གུ་འབྱུང་ངམ་མི་འབྱུང༌། སྨན་བཏང་ཡོད་ན་ནད་ཨེ་སོས་མི་སོས། གདན་འདྲེན་ཞུས་ཟིན་ན་ཁོ་ཡོང་ངམ་མི་ཡོང༌ཞེས་པ་ལྟ་བུ།   

8.ལ་དོན་ཞིག

Tags:

🔥 Trending searches on Wiki བོད་སྐད:

སྐྱབས་འགྲོ་ཞོགས་དུང་།རྐྱང་ཁྲ།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་ཨ་ཟེ་རྦཡི་ཇན།ཡུལ་ཤུལ།མངོན་པར་ཤེས་པ་དྲུག་མངོན་བརྗོད།་མངོན་བརྗོད་རྩོམ་རིག་གི་བྱུང་བ།འདོད་པའི་དབང་ཕྱུགནཱ་ལེཎྜའི་པཎ་ཆེན་བཅུ་བདུན་ཟླ་༡༡ཚེས་༩ཉིན་ཞབས་བྲོ།༥ (གྲངས་ཀ།)ཆོས་མངོན་པའི་ལུགས་ཀྱི་སྣོད་བཅུད་གཉིས་ཉི་ཧོང་སྐད།སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ལམ་རིམ་བསྡུས་དོན་དེང་ཁྲི་བཙན་པོ།རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་ཕུར་བུ།སྒྲོལ་མའི་མཎྜལ་བཞི་ཆོག་འཕྲིན་ཡིག་གི་སྐོར།ཆོས་འཁོར་དུས་ཆེན།ཁྱིམ་དྲན་སེམས་ནད།རྐང་ལམ་ཕྲ་མོདངུལ་ལོར།བཀྲ་ཤིས་བརྒྱད་པམཁན་པོ་ངག་ཆུང་ཟླ་སྒྲོན།མཐུན་གསུམཟླ་བ་གསུམ་པཁྲག་གཏར་བའི་གསོ་བཅོས་ཟླ་༡༢ཚེས་༡ཉིན་ཞང་ཞུང་རྒྱལ་རབས་ལོ་རྒྱུས།ཡེ་ཤུའི་ཆོས་ལུགསདཔལ་དུས་ཀྱི་འཁོར་ལོ་ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ཟླ་༣ཚེས་༡༩ཉིན་བསམ་གཏན་ས་དྲུག་ལྟ་བའི་ བརྗེད་བྱང་ཆེན་མོ་འབྲོང་གཉན་ལྡེ་རུ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།མི་འཁྲུགས་པ།གཉའ་ཁྲི་བཙན་པོ་གཙང་སྨྱོན་ཧེ་རུ་ཀ་ནང་མ་གཅེར་བུ་བའི་ཆོས་ལུགས།སྟག་རི་གཉན་གཟིགས།སྒྲོལ་མའི་ལོ་རྒྱུས་ཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ་ཆགས་སློང་རྩོམ་རིགཕོ་བྲང་ཡུམ་བུ་བླ་སྒང།སྨོན་ལམ་རབ་འབྱམས་འཁོར་ལོ་མབྱང་ཆུབ་སེམས་པའི་རྟོག་བརྗོད།སུ་རི་ནེམ།བར་དོ་དང་པོའི་འོད་གསལ་ངོ་སྤྲོད་༼ར་མ་ཡ་ན།༽ཟླ་༧ཚེས་༢༨ཉིན་ཊ་རོ་ཨ་སོ།🡆 More