དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་རྫ་དཔལ་སྤྲུལ་རིན་པོ་ཆེ་མཆོག་མི་གཅིག་པ་ཡིན་མིན་གསལ་བོ་ཞིག་ཤེས་ཐུབ་མ་སོང་། བརྟག་བྱར་ལྷག་ཡོད།

དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།
དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།རྩོམ་སྒྲིག་བྱེད་བཞིན་པ།

ཡོངས་གྲགས་སུ་རྫ་དཔལ་སྤྲུལ་རིན་པོ་ཆེ་ཞུ་བ་མཆོག་ནི་རབ་བྱུང་བཅུ་བཞི་པའི་ས་འབྲུག(1808)ལོར་ཁམས་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས།རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང་།

ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ།སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན།མཁན་ཆེན་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་།རྡོ་བླ་འཇིགས་མེད་སྐལ་བཟང་དང་།རྒྱལ་སྲས་གཞན་ཕན་མཐའ་ཡས་སོགས་ཀྱི་དྲུང་ནས་ངལ་གསོ་སྐོར་གསུམ་དང་།སྤྱོད་འཇུག་རྩ་རྒྱུད་གསང་བ་རྙིང་པོ་སོགས་མདོ་སྔགས་ཀྱི་གཞུང་མང་པོ་དང་།རིག་གནས་བཅས་གསན།ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་དང་འཇིགས་མེད་རྒྱལ་བའི་མྱུ་གུ་སོགས་མཁས་མཆོག་དུ་མ་ལས་བཀའ་བསྟན་འགྱུར་རོ་ཅོག་དང་།རྙིང་མའི་ཀུན་མཁྱེན་ཡབ་སྲས།ས་པཎ།རྗེ་ཙོང་ཁ་པ་སོགས་གསར་རྙིང་སྐྱེས་ཆེན་རྣམས་ཀྱི་ལེགས་བཤད་མཐའ་དག ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ལམ་ཁྲིད།རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་སོགས་མཐའ་ཡས་པ་གསན་ཞིང་སྒོམ་སྒྲུབ་ལ་གཞོལ་བས་རྟོག་པ་ཚད་མེད་པ་འཁྲུངས།

མཁས་པའི་ཕ་རོལ་དུ་སོན།དགུང་ལོ་སུམ་ཅུའི་ནང་སློབ་མའི་ཚོགས་ལ་རྒྱུད་གསང་བ་སྙིང་པོའི་ལྗགས་ཁྲིད་རྒྱས་པར་གནང་།གསེར་ཐར་དང་རྡོ་སྟོད་སྨད་ཀྱི་འདུས་སྡེ་ཡོངས་ལ་《སྤྱོད་འཇུག》དང་།《མ་ཎི་བཀའ་འབུམ།》《བདེ་སྨོན》སོགས་ཀྱི་ཆོས་སྦྱིན་གྲངས་མེད་བསྩལ།རྐུན་ཇག་གི་རྒྱུན་བཅད།དམར་སྟོན་གྱི་སྲོལ་བསྣུབས།རྫ་རྒྱལ་དགོན་གྱི་ཉེ་སྐོར་དུ་ཆོས་འཁོར་གྱི་གདན་ས་མཛད།རྡོ་འབུམ་ཆེན་མོར་ཁ་གསོའི་ཚུལ་དུ་སྔོན་གྱི་རྡོ་འབུམ་ལས་ཀྱང་རྒྱ་ཆེ་ཞིང་དཔངས་མཐོ་བ་འབྱོན་སྒྲོས་ཤིང་སྤུས་ལེགས་པ་ཞིག་བཞེངས་ཏེ་དཔལ་སྤྲུལ་རྡོ་འབུམ་ཞེས་སུ་གྲགས།རྗེ་འདི་ཉིད་སྐུ་ཚེ་ཧྲིལ་པོར་གནས་ངེས་མེད་དུ་ཕེབས་ཤིང་ཀུན་སྤངས་བྱ་བཏང་གི་མཛད་པ་སྤེལ་ཐོག ཐོས་བསམ་སྒོམ་གསུམ་དང་འཆས་རྩོམ་རྩོད་གསུམ་གྱི་རྣམ་ཐར་བསྐྱངས་ཏེ་ཁམས་སྟོད་སྨད་བར་གསུམ་དུ《སྤྱོད་འཇུག》དང་།《བྱམས་ཆོས།》《སྡོམ་གསུམ།》《ཡོན་ཏན་མཛོད》སོགས་ཀྱི་འཆད་ཉན་ས་དར་རྡོ་དར་དུ་གྱུར་པ་དང་།ལྷག་པར་དུ་《རྒྱུད་གསང་བ་སྙིང་པོའི་བཤད་རྒྱུན》དང་།《ཀློང་ཆེན་སྙིང་ཐིག་གི་རྩ་རླུང་དང་ཁྲིད་》སོགས་ཀྱི་ཆོས་རྒྱུན་རྗེ་འདི་ཉིད་ཀྱིས་ཉམས་པ་སོར་ཆུད་ཀྱིས་ཆེས་ཆེར་དར་བར་མཛད།

རྗེ་ཉིད་སྔ་འགྱུར་གསང་སྔགས་རྙིང་མའི་བཀའ་གཏེར་གྱི་ཆོས་སྒོ་སྤྱི་དང་།ཡང་སྒོས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཟབ་ལམ་གདམས་པའི་བླ་བརྒྱུད་དུ་གྱུར་པ་མ་ཟད།ས་དགེ་བཀའ་གསུམ་གྲུབ་མཐའ་རིས་མེད་ཀྱི་གཞུང་ལུགས་ལ་གསན་བསམ་མཐར་ཕྱིན་མཁས་པའི་རྩེ་མོར་སོན་ཏེ་རྫ་དཔལ་སྤྲུལ་རིན་པོ་ཆེ་ཞེས་སྙན་པའི་གྲགས་པ་ཁ་བའི་ལྗོངས་ཕྱོགས་ཀུན་ཏུ་ཁྱབ།རྒྱལ་སྲས་ཞི་བ་ལྷའི《སྤྱོད་འཇུག་ཆེན་མོས》གཙོས་པའི་གཞུང་ཆེན་ལྗགས་ཁྲིད་གནང་བས་སྤྱོད་འཇུག་བླ་མ་ཞེས་པའི་མཚན་སྙན་ཡང་ཐོགས།དམ་པ་འདི་ཉིད་ཀྱིས་ཀ་ཐོག་སི་ཏུ་མཆོག་སྤྲུལ་ཆོས་ཀྱི་བློ་གྲོས་དང་།རྫོགས་ཆེན་སྐུ་ཕྲེང་ལྔ་པ་ཐུབ་བསྟན་ཆོས་རྡོར།རྒྱལ་རོང་ནམ་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ།འཇུ་མི་ཕམ་རྣམ་རྒྱལ།ཨ་ལགས་མདོ་སྔགས་རྒྱ་མཚོ་སོགས་རྙིང་མའི་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་དང་སེར་ཤུལ་ལྷ་རམས་པ་ཐུབ་བསྟན།དཔལ་སྤུངས་བླ་མ་བཀྲ་ཤིས་འོད་ཟེར་སོགས་ས་དགེ་བཀའ་བརྒྱུད་ཀྱི་བླ་མ་དེ་དག་གིས་གཙོས་པའི་སློབ་མ་མང་དུ་བསྐྱངས།སློབ་མ་སོགས་རང་རང་གི་བློ་དང་འཚམ་པའི་ལྗགས་རྩོམ་མཐའ་ཡས་པ་གནང་ཡོད།འོན་ཀྱང་སློབ་མ་སོ་སོས་དེ་དག་གཙིགས་ཆེན་བྱས་ཏེ་ཉར་ཚགས་བྱས་པས་མང་ཆེ་བ་པར་དུ་འཁོད་མ་ཐུབ།སྔོན་མར་པར་དུ་འཁོད་ཅིང་དེང་མཇལ་རྒྱུ་ཡོད་པ་ནི་གླེགས་བམ་ཕྱིན་དྲུག་གི་གྲངས་ཀྱིས་བརྒྱན་པ་རྣམས་སོ།།གསུང་རྩོམ་དེ་དག་ནང་《བྱམས་ཆོས》དང་།《སྤྱོད་འཇུག་ཡོན་ཏན་མཛོད》སོགས་ཀྱི་གཞུང་འགྲེལ་ས་བཅད་དང་།《གཏམ་པད་མའི་ཚལ་གྱི་ཟློས་གར》སོགས་གཏམ་ཚོགས་དང་།ཞལ་གདམས།བསྟོད་ཚོགས་སོགས་པོད་བདུན་ཙམ་མཆིས་སོ།།རབ་བྱུང་བཅོ་ལྔ་པའི་མེ་ཕག(1887)ལོའི་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཉིན་སྐུ་གཤེགས།

Tags:

🔥 Trending searches on Wiki བོད་སྐད:

སྐྱེ་དགུའི་བདག་མོ་ནོར་བུ་གླིང་ག་ཡེ་ཤུའི་འཁྲུངས་སྐར།ནང་བའི་དུས་ཆེན་བཞིབརྡ་སྤྲོད་ཀྱི་གཞུང་།རྡོ་རིང་བསྟན་འཛིན་དཔལ་འབྱོར་བོད་ཆོལ་ཁ་གསུམ།རྔ་བ་བོད་རིགས་ཆ་བ༹ང་རིགས་རང་སྐྱོང་ཁུལ་འབྲོང་པ་རྫོང་།ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་རྣམ་ཐར་བསྡུས་པ།ཨ་ལག་ཤ་ངག་དབང་བསྟན་དར་C+བོད་ས་མཐོ།ཕ་རོལ་དུ་ཕྱིན་པ་དྲུག་རྒྱལ་ཁབ་དག་གི་མིང་།སློབ་དཔོན་དབྱུག་པ་ཅན་རྒྱ་སྐདགློ་བ།མཚོན་ཆའི་ལས་རྩོམ་པ་ཕོ་བྲང་པོ་ཏ་ལ་བརྒྱ་བཞིའི་ཆོ་ག་མ་ལ་ཤི་ཡ།ཀརྨ་པ་དུས་གསུམ་མཁྱེན་པ་ཆོས་འཁོར་གྱི་སྐོར།ཡེ་ཤུའི་ཆོས་ལུགས།ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་ཧའེ་ལུང་ཅང་ཞིང་ཆེན།བོན་ཐེག་པ་རིམ་དགུ་པདྨ་སྐལ་བཟང་སྣར་ཐང་དགོན།སྔོན་པོ།ཏུའེ་ལེན​།རྟགས་འཇུག་ལས་དངོས་པོའི་དབང་གིས་བདག་གཞན་གཉིས་སུ་དབྱེ་ཚུལ་ཚོ་ཁག་གི་ཆགས་སྤྱོད།འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་དབྱིན་ཇིའི་སྐད།ལུ་ཟོན།ཚོང་ལས།སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།རྨི་ལམ་ངན་པ་བཟློག་ཐབས་བདུན།གདུགས་དཀར་མཆོག་གྲུབ་མ་ལང་ཚོའི་རྦབ་ཆུཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་རྡོར་དྲིལ་སོགས་མཆོད་ཆས་རྣམས་ཀྱི་མཚོན་དོན་སྐོར་བསྟན་འཛིན་རྒྱ་མཚོ།རལ་པ།འཆི་ཁ་བར་དོའི་ངོ་སྤྲོད་གསལ་བའི་མེ་ལོང་འོད་གསལ་ཉི་མའི་སྙིང་པོ་ས་སྐྱའི་ལེགས་བཤད་རྩ་འགྲེལ་གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་བོད་ཀྱི་དེང་རབས་རྩོམ་རིགསྡོམ་གསུམ་རྣམ་ངེས་ཐེག་ཆེན་ཚུལ་འཇུག་མཁས་འཇུག་སྡོམ་བྱང་གནས་བརྟན་བཅུ་དྲུག་སྣང་ས་འོད་འབུམ་༢༠༡༨ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མགྲན་སྡུར།ཀུན་དགའ་བོ་ར་རྒོད།སྲོག་ཆགས་རོལ་དབྱངས།ལམ་གཙོ་རྣམ་གསུམ་གསེར་བཙོ་རྩལ།སུམ་ཅུ་པའི་རྩ་ཚིག་ལྕགས།ཐོན་མིའི་ཞལ་ལུང་འབྲས་སྤུངས་དགོན།རང་དབང་ཅན་གྱི་ཚིག་ཕྲད་དྲུགཁྱབ་འཇུག་གི་འཇུག་པ་བཅུ་ཆུ་ཤིང་བསྟན་་བཅོས་གཏེར་སྟོན་སངས་རྒྱས་གླིང་པ་ཀུན་གཞིའི་རྣམ་ཤེས་🡆 More