གནམ་རི་སྲོང་བཙན་

(གནམ་རི་སློན་བཙན་ནམ་སློན་བརྩན་རླུང་ནམ་ཞེས་པའང་སྣང་)བོད་རྒྱལ་སོ་གཉིས་པ་ཡབ་སྟག་རི་གཉན་གཟིག་དང་ཡུམ་སྟོང་བཙུན་འབྲོ་དཀར་གྱི་སྲས་སུ་ས་སྟག་(༥༥༨)ལོར་འཁྲུངས་སྐད། དབས་སྣང་བཞེར་དང། ཚེ་སྤོང་ན་གནག་སེར། ཉང་ཙེང་གུ་རྣམས་ཀྱིས་བློན་པོ་བྱས་པ་དང། གཙོའི་བོན་པོ་ཁྲི་ཁྱུང་གྲགས་པས་སྐུ་བོན་བྱས། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས། གཅུང་པོ་འོལ་གོད་ཚ་སློན་གེར་ལེགས་བྱ་བ་ཐང་མཚམས་སུ་ཕབ། རྒྱལ་པོ་འདིའི་རིང་ལ་རྒྱ་ནག་གི་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ། སྦྲང་དགའ་བོ་དང་རྨུ་དཔུང་རི་བྱ་བའིགྱད་གཉིས་ཀྱིས་ཞབས་ཏོག་བྱས་ཏེ་ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒ་ལ་བཏགས་པ་ལྷུང་བ་ལ་ཚ་འགོས་པས་བྲོ་བ་ཚོར་ཏེ་ལན་ཚྭ་ངོ་ཤེས་ནས་ཚྭ་ལེན་པའི་སྲོལ་བྱུང་སྐད། གཞན་ཡང་དེ་སྐབས་རྒྱལ་པོ་སྐུ་ངོ་མས་དམག་མི་ཁྲི་ཕྲག་ཙམ་ཁྲིད་ནས་གཡུལ་བཤམས་ཏེ་མཁར་ཡུ་སྣ་ནི་གཏོར། དགུ་གི་ཟིང་པོ་རྗེ་ནི་བརླགས། མང་པོ་རྗེ་གསུམ་བུ་ནི་གྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་སྣ་མན་ཆད་ཀོང་པོ་བྲེ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་ལོན་ཞིང། བཙན་པོས་བཀའ་ཕབ་སྟེ་སྔར་ཡུལ་ངས་པོ་ཟེར་བ་ལ་འཕན་ཡུལ་ཞེས་མིང་བརྗེས་སོ།། དེ་སྐབས་མྱང་ཙེང་སྐུ་དང། དབས་དབྱི་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་ཀྱིས་སྤུར་རྒྱལ་ལ་བློ་དཀར་བྱས་པས་བྲན་གཡོག་ཁྱིམ་དུད་མང་པོ་དང་ཡུལ་ཆེན་པོ་གནང་བ་མ་ཟད། རྒྱལ་པོའི་བློན་པོར་བཅུག་པ་དང། ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་ཞེས་པའི་མགོ་བཅད་དེ་རྩང་བོད་ཀྱི་འབངས་མི་ཁྱིམ་དུད་ཁྲི་ཕྲག་གཉིས་སྤུར་རྒྱལ་བཙན་པོའི་མངའ་འབངས་སུ་ཕུལ་བ་དང། སེང་གོ་མི་ཆེན་གྱིས་དྭགས་པོ་ཡོངས་རྫོགས་སླར་ཡང་བཙན་པོའི་མངའ་འབངས་སུ་བཀུག་པ་སོགས་དབུས་གཙང་ཕལ་ཆེ་བ་སྤུ་རྒྱལ་གྱི་མངའ་ཞབས་སུ་ཚུད། སྐབས་དེར་རྒྱལ་པོའི་བཞུགས་གནས་ཀྱང་ཡར་ལུང་གཙང་པོའི་བྱང་ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས་པར་སྣང། མཐར་རྒྱལ་པོ་འདི་ཉིད་མོན་དུག་ཕུལ་ནས་བཀྲོངས་པར་གྲགས་ཤིང། བང་སོ་དོན་མཁར་མདར་བརྩིགས་པ་དང། བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང། གྲལ་ནི་ཁྲི་གཟུང་བང་སོའི་གཡས་ན་ཡོད།། ཕུལ་ཆེ་དབྱིབས་ནི་གྲུ་བཞི་སོག་ཀ་རིས།། མིང་དུ་གུང་རི་སོག་ཀར་བཏགས་སོ་སྐད།།

Tags:

🔥 Trending searches on Wiki བོད་སྐད:

ཟློས་གར།ཨའི་ཅི།རྒྱ་གར་ཆོས་འབྱུང་བོད་ཀྱི་རྒྱལ་རབས་གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་གཙོ་ངོས།དཔལ་ལྡན་ཟླ་བ་གྲགས་པ་པ་ག་ཏཛིམ་བབ་ཝི།སངས་རྒྱས་ཀྱི་ས་ཆེན་པོ་ཆབ་སྲིད་སྒྲུང་དང་ལྡེའུ་བོན་གྱིས་བསྐྱངས་སྒྲུང་གཏམ༼གཙུག་གཡུ༽རིག་གནས་གསར་བརྗེ་ཆེན་པོཔོམ་པེ་ཡི།ལོ་རྒྱུས།གྲངས་གནས་ཀྱི་ཀློག་སྟངས་ཆོས་ཉིད་བར་དོའི་ངོ་སྤྲོད་ཀྱི་ལྷན་ཐབས་རྫོགས་ཆེན་དགོན།ཆོས་འཁོར་གྱི་སྐོར།གྲོ།སྔོན་གྱི་ཆོ་ག་བཅུ་ཀུ་བ།རོ་ཀ་ཧྥོར། (ཆུར་བ།)ཀླུ་སྒྲུབ་དགོངས་རྒྱན།པྲ་ཏིའི་སུམ་རྟགས་ཀརྨ་པ་དེ་བཞིན་གཤེགས་པ་དཀོན་མཆོག་རྗེས་དྲན་གནམ་ལྡེ་འོད་སྲུངས་བཟོད་པ།རྒྱ་གར་སྐད།ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།གསང་སྔགས་གསར་མ་ཟླ་༩ཚེས་༡༨ཉིན་བཙན་པོ་རིམ་བྱོན་གྱི་མཚན་བྱང་།ཆ་གསུམ་དང་ལན་ཆགས་གཏོར་མ་འབྱུང་བཞི་གསུམ་རང་ཤི་རྒྱབ་པ།ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན།ཚའོ་ཚའོ།གུ་རུ་ཆོས་ཀྱི་དབང་ཕྱུག་ཕྲེང་བ།གཞིས་ཀ་རྩེ་ས་ཁུལ།མི་ཕམ་མཁས་འཇུག་༤༩ (གྲངས་ཀ།)བསྟན་འཛིན་རྒྱ་མཚོ།ཧུང་གྷ་རི།མཆུ་སྡེ་ལྔ་བྲག་ལྷ་ཀླུ་སྒུག་དམངས་གཙོ་བཟོ་སྐྲུན་རིག་པ།ལུས་རྟེན་མཆོག་གི་དལ་བ་བརྒྱད་བོད་པའི་དགོན་སྡེའི་ཐོ།ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་རྨི་ལམ་ངན་པ་བཟློག་ཐབས་བདུན།རྗོར་ཌན།བོན།ཁྱབ་འཇུག་གི་འཇུག་པ་བཅུ་བོད་ཀྱི་རྡོ་རིང་ཆེན་པོ་གཉིས་དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན།༼ར་མ་ཡ་ན།༽སྡོམ་གསུམ་རྣམ་ངེས་ཡོན་ཏན་གཞིར་གྱུར་མ་རྩ།མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས།ད་ལྟའི་བྱ་བ།ཝེ་ནེ་ཟུའེ་ལ།🡆 More