ཀོ་ས་ལ་

མཉན་ཡོད་ཀྱི་མིང་སྟེ(ཤཱ་བསྟིའམ་ཡང་ན་ཤབ་སྟྲི)གོ་རག་པུར་ནས་མེ་འཁོར་ནང་ཞུགས་ཏེ་ཁེ་ར་ན་རྡ་དང་དེ་ནས་ནུབ་ཕྱོགས་སུ་སོང་ན་བལ་རམ་པུར་དང་། དེ་ནས་མལ་ལེ་བཅུ་ཙམ་སོང་བ་ན་མཉན་ཡོད(ཤ་ལྦ་སྟ)ཀྱི་གནས་ཤུལ་ཡོད་ཅིང་། མིང་གཞན་ཀོ་ས་ལ་ཡང་ཟེར་བ་དང་། དེང་སང་ཡོངས་གྲགས་སུ་ས་ཧེ་ཊ་མ་ཧེད་ཟེར། གནས་དེར་ཀོ་ས་ལ་པུ་རི་ཟེར་བ་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་ཆགས་ཤུལ་དང་། དེའི་གཡོན་ངོས་སུ་སྟོན་པས་ཆོས་གསུངས་པའི་བཞུགས་ཁྲིའི་ཤུལ་དུ་བཞེངས་པའི་མཆོད་རྟེན། ཤར་ངོས་སུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁང་ཤུལ་སོགས་གནའ་ཤུལ་འགའ་ཞིག་ཡོད། གྲོང་ཁྱེར་གྱི་ལྷོ་ངོས་སུ་རྒྱང་གྲགས་བཞི་ལྔ་ཙམ་གྱི་སར་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་གི་ཤུལ་ཡོད་ཅིང་། དེར་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་བཞུགས་གནས་ཁག་བཞི་སྟེ། ༡ར་ཛ་ཀུ་ཊི། ༢ཀོའུ་ཤམ་བྷིའི་ཀུ་ཊི། ༣་ཀ་ཀེ་རི་ཀུ་ཊི། ༤གན་དྷ་ཀུ་ཊི(དྲི་གཙང་ཁང)བཅས་བཞི་ཀའི་ཤུལ་ཡོད། དེའི་ནང་གསེས་གན་དྷ་ཀུ་ཊི་ནི་སྟོན་པའི་བཞུགས་གནས་གཙོ་བོ་ཡིན་ཅིང་། གནས་འདི་དང་། རི་དྭགས་འཛིན་གྱི་མ་ས་གས་བཞེངས་པའི་ཤར་གྱི་ཀུན་དགའ་ར་བ་བཅས་ལ་ཁྱོན་བསྡོམས་ལོ་ཉི་ཤུ་རྩ་གསུམ་བཞུགས་པ་མ་ཟད། མཆོག་ཟུང་གཉིས་དང་། ལྔ་སྡེ་བཟང་པོ། གནས་བརྟན་ཆེན་པོ་བཅུ་དྲུག་། སྟོན་པའི་འཁོར་གྱི་གཙོ་བོ་ཉན་ཐོས་ཆེན་པོ་བརྒྱད་ཅུ་ཞེས་གྲགས་པ་དེ་ཀུན་ཀྱང་གནས་འདིར་རྒྱུན་རིང་བཞུགས་པའི་གནས་ཡིན་པ། སྟོན་པས་ཆོ་འཕྲུལ་ཆེན་པོ་བསྟན་ནས་མུ་སྟེགས་སྟོན་པ་དྲུག་བཏུལ་བའི་གནས་ཀྱང་འདི་ཡིན། གཞན་ཡང《བཙན་པོའི་འཛམ་གླིང་རྒྱས་བཤད》ལས་རྒྱལ་བྱེད་ཚལ་གྱི་གཙུག་ལག་ཁང་གི་ཉེ་འཁོར་ཅི་རིགས་པར། ལྷས་བྱིན་གྱིས་དགེ་འདུན་གྱི་དབྱེན་བྱས་སྐབས་དེའི་རྗེས་སུ་ཕྱོགས་པ་འགའ་ཞིག་དང་། བཅོམ་ལྡན་འདས་ལ་སྐུར་བ་བཏབ་མཁན་གྱི་སྨད་ཚོང་མ། དགེ་སློང་ལྷས་བྱིན་སོགས་གསོན་པོར་མནར་མེད་དུ་ལྷུང་བའི་གཤོང་ཆེན་པོ་ཆར་ཆུ་ཇི་ཙམ་འབབ་ཀྱང་གང་མི་ཐུབ་པ་ཞིག་དང་རྒྱལ་པོ་འཕགས་སྐྱེས་པོས་ཤཱཀྱར་དམག་དྲངས་སྐབས་ཤཱཀྱ་མོ་རྣམས་ཡན་ལག་བཅད་དེ་བསད་པའི་གནས་དང་དེའི་ཤུལ་དུ་བཞེངས་པའི་མཆོད་རྟེན་དང་ཉེ་བར་འཕགས་སྐྱེས་པོ་མེས་ཚིག་སྟེ་གསོན་པོར་ཚ་དམྱལ་དུ་ལྷུང་བའི་ཤུལ་སོགས་གནའ་ཤུལ་མང་པོ་ཡོད། ཀོ་ས་ལ་ཞེས་པ་བོད་སྐད་དུ་དཀའ་བྱེད་དབང་ཕྱུག་ཅེས་པའི་དོན་ཡིན་པར་སྐད་གཉིས་ཤན་སྦྱར་གྱི་གཞུང་འགའ་ཞིག་ལས་བཤད། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

ཐོན་མི་སམ་བྷོ་ཊ་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་ཕོ་ལན།ཁ་ན་ཌ།སྐམ་ཆུ་གཉིས་འཚོའི་སྲོག་ཆགས།གདུགས་དཀར་མཆོག་གྲུབ་མ་ཟླ་བ།༡༧༦༦ལོ།པུ་ལ་ཁེ།ཟླ་༡ཚེས་༣༠ཉིན་ཡོན་ཏན་གཞིར་གྱུར་མ་ཧྥ་རན་སིའི་སྐད།པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་ཀོ་ཀིའི་གླུ་དབྱངས། (Google)དོན་འགྲུབ་རྒྱལརིགས་ལྔ།ཟླ་༨ཚེས་༧ཉིན་གོ་དང་དཀྱི་ར།དགའ་ལྡན་དགོན།གདོང་ཤོགཆགས་སྤྱོད་ཀྱི་རྒྱུ་རྩལ་གྱི་ལོ་རྒྱུས།༢༠༡༧ལོ།ཐའེ་ཝན།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།པེ་རུ།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་ཀརྨ་པ་རང་བྱུང་རྡོ་རྗེ་མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་རྩོམ་རིག་ཡི་གེའི་རིག་པ།གཟའ་པ་སངས།ཟླ་༤ཚེས་༢༤ཉིན་ཞི་བདེ།ལྷོ་མཐའི་གླིང་།ཨེ་པེར།ཁམས་དཀར་གཏོང་བ་ཨུ་རུ་སུའི་སྐད།ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་རྒྱ་གར་གི་ལོ་རྒྱུས།སེ་སྣོལ་གནམ་ལྡེ།ཧང་ཤོགཆབ་མི་འཚལ་བ་རྒྱལ་སྲས་ལག་ལེན།ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་བློ་བཟང་འཇམ་དབྱངས་ཡེ་ཤེས་བསྟན་པའི་རྒྱལ་མཚན་ཆོས་འབྱུང་༢༠༢༤ལོ།སུག་སྨེལ།ལྷོ་ཨ་ཧྥེ་རི་ཁ།མཁན་སློབ་ཆོས་གསུམ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།རིགས་སད་དུས་རབས།༢༠༠༧ལོ།རོལ་ཆ།བརྡ་སྤྲོད་ཀྱི་གཞུང་།བརྒྱན་དྲུག་མཆོག་གཉིས་སྟོད་པ།འཇམ་དཔལ་མཚན་བརྗོད་ཨིལ་སལ་ཝ་ཌོར།ཟླ་༡༠ཚེས་༢༥ཉིན་ལོ་རྒྱུས།༢༠༢༠ལོ།གནམ་གཤིས་རིག་པ།ཞང་ཞུང་མེ་རི་སྙིང་ཐིག་དུས་ཆེན།ཚགས་པར།བཀྲ་ཤིས་ལྷུན་པོ་དགོན།ཟླ་བ་བཅུ་གཉིས་🡆 More