ཡོངས་ཁྱབ་ཀྱི་བདག་སྤྲོད་ཁེ་དབང་རྩོད་ལེན།

ཙ་མི་སངས་རྒྱས་གྲགས་ནི། མི་ཉག་གི་ཡུལ་དུ་འཁྲུངས་པ་སྟེ།འགའ་ཞིག་ཉང་སྟོད་སྨད་ཀྱི་མཚམས། འཁྲིས་ཙ་ཁ་བ་ཡིན་ཟེར་བ་དང་། གཡེ་རོང་གི་རྩ་བ་ཡིན་ཟེར་བ་ནི་མ་ཡིན་ཏེ།དེ་ཉིད་ཀྱིས་བསྒྱུར་པའི་གཞུང་འགའི་འགྱུར་བྱང་དུ།བྱང་ཕྱོགས་མི་ཉག་ཡུལ་དུ་སྐྱེས་ཀྱང་ནི། །ཡུན་རིང་འཕགས་པའི་ཡུལ་དུ་གནས་བཅས་ནས།།བླ་མ་དམ་པ་སངས་རྒྱས་ཀུན་མཆོད་པའི། །དགེ་སློང་སངས་རྒྱས་གྲགས་པ་ཞེས་བྱ་བ། །ཞེས་ཁོང་རང་གིས་བཀོད་པར་མཛད་པའི་ཕྱིར་རོ།།དེ་ཉིད་ཀྱིས་གཞོན་ནུ་ནས་རྒྱ་གར་དུ་བྱོན། ཡུན་རིང་དུ་བཞུགས། དུས་ཞབས་པ་དང་།ཨ་བྷ་ཡ་སོགས་པཎ་གྲུབ་མང་པོ་བསྟེན་ནས་རང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པས།རྒྱ་གར་ཤར་ནུབ་ཀུན་ཏུ་མཁས་པར་གྲགས་ཤིང་། འགྲན་ཟླ་མ་མཆིས་པར་ཀུན་གྱིས་ཚད་མར་འཛིན།པཎྜི་ཏ་ཐམས་ཅད་ཀྱི་དྲི་གཏུགས་དང་། འབེལ་བའི་གཏམ་གྱི་དཔང་པོ་དང་།མན་ངག་ལེན་པའི་གནས་སུ་བྱེད། བསྙེན་པར་རྫོགས་པའི་མཚན་སངས་རྒྱས་གྲགས་སུ་བཏགས།རྒྱུད་སྡེ་མཐའ་དག་གི་མཛོད་འཛིན་པ།མཆོག་གི་དངོས་གྲུབ་བརྙེས་ཤིང་ཚེ་ཡི་རིག་འཛིན་གྲུབ་པས་ཨ་བྷ་ཡ་ལས་ཀྱང་རྟོགས་པ་མཐོ་བར་གྲགས།རྡོ་རྗེ་གདན་དང་། ནཱ་ལེནྡྲའི་མཁན་པོ་མཛད་དེ།བོད་ཀྱི་སློབ་མ་རྣམས་ལ་ཐུགས་ལྷག་པར་བརྩེ་བས་དུས་འཁོར་འགྲེལ་ཆེན་བོད་ཡིག་ཏུ་བྲིས་ཤིང་བསྒྱུར་ནས་ཁྲིད་པར་མཛད་དོ།།

ཝ་གཱི་ཤྭ་ར་གུཔྟ་ཞེས་ངག་གི་དབང་ཕྱུག་སྦས་པ་དང་།བི་ཁྱཱ་ཏ་དེ་ཝ་ཞེས་རྣམ་པར་གྲགས་པའི་ལྷ་དང་། ནིཥྐ་ལངྐ་དེ་ཝ་ཞེས་རྙོག་པ་མེད་པའི་ལྷ་དང་།བྷསྐ་ར་གུཔྟ་ཞེས་འོད་བྱེད་སྦས་པ་དང་།ནཱ་ཡ་ཀ་པཱ་ད་ཞེས་འདྲེན་པའི་ཞབས་སོགས་རྒྱ་གར་ན་བསམ་གྱིས་མི་ཁྱབ་པ་ཡོད་ལ།བོད་ཀྱི་སློབ་མ་ལ་ཆེ་བར་གྲགས་པ་ལོ་ཙཱ་བ་གྲགས་པའི་མཚན་ཅན་གསུམ་བྱུང་སྟེ།ཙ་མི་སངས་རྒྱས་གྲགས་པ། ཁེའུ་གད་འཁོར་ལོ་གྲགས། སྤང་ཞོ་གསལ་བ་གྲགས་གསུམ་མོ། །

ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོ་ཇི་ལྟར་དར་ཚུལ་བརྒྱུད་པའི་ལོ་རྒྱུས་དང་བཅས་པ་སྐལ་བཟང་རྣ་བའི་དགའ་སྟོན་ལས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

དོན་འགྲུབ་རྒྱལསྨུག་པོའི།དྷ་ཁ།ཡོ་གསྨོན་ལམ་ཆེན་མོ།བྷེ་ལ་རསུ།སྨན་བླ།ཨ་མདོ་བྱམས་པ།ཨོ་སེ་ཐེ་ལི་ཡ།ནང་བསྟནལེ་ཉིན།བདེ་སྨོན་འགྲེལ་པ་ཁྱད་པར་བརྗོད་པའི་རྒྱན་ལྔ་བཀའ་བསྡུ་གསུམ་དངོས་དོན་རྟོག་བཟོ།བེ་ནིན།རྡོ་རྗེ་བྲག་དགོན།ཙ་རིརྒྱ་གར་སྐད།ཚད་མ་རིག་པ་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །དུང་དཀར་ཚིག་མཛོད་ཆེན་མོ་སེང་གེ།མ་གོག (གསུང་རབ།)མ་ནིང་རིགས་ལྔ།བཀྲ་ཤིས་ལྷུན་པོ་དགོན།རྨ་ཆུ།སྙན་ངག་གི་སྡོམ་ཚིག བེ་རི་འཇིགས་མེད།རྒྱ་གར།ཀྱེའི་རྡོར།ཁར་ཏུམ།ཡུལ་གོར་སྐད།ལང་ཚོའི་རྦབ་ཆུལེགས་སྦྱར་སྐད།ལྕང་སྐྱ་རོལ་པའི་རྡོ་རྗེ་བོད་ཀྱི་སྣོད་བཅུད་ཆགས་ཚུལ།རང་དབང་།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་སྤྱན་རས་གཟིགས།དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་དངོས་ཁམས་རིག་པ།ཟླ་༡ཚེས་༡༤ཉིན་དགའ་ལྡན་དགོན།ཆགས་མེད་མནོལ་བསང་གྲངས་གནས་ཀྱི་ཀློག་སྟངས་དགེ་རྒན།བསྟན་འཛིན་རྒྱ་མཚོ།འཇོར་ཇི་ཡ། (རྒྱལ་ཁབ།)དཔའ་ཤོད་རྫོང་།སེལ་འོ་སུ་འན་གྱི་སྐདསྐད་བརྡ་རིག་པ།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།རབ་རྟོག་གི་རྒྱན་གསུམ།གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།སློབ་དཔོན་སེང་གེ་བཟང་པོ།གཞུང་ཐིགརྒྱ་ཡིགཨིན་རྡུ་ནི་ཤིས་ཡ།ཚེ་སྨོན་གླིང་རིག་གནས་བཅུ།འབྱུང་རྩིས་ཟླ་ཟེར་ཀླུ་སྒྲུབ་དགོངས་རྒྱན།རྫ་ཡུལ་རྫོང་།ཚགས་པར།རུས་སྤལ་🡆 More