སྤྲིན།

ནམ་མཁའི་དབྱིངས་སུ་མཚམས་མཚམས་ལ་གནམ་དྭངས་པ་དང་། བར་བར་དུ་སྤྲིན་དཀར་ཕུང་བོ་མང་བ། སྐབས་སྐབས་ལ་སྤྲིན་ནག་སྟུག་པོ་འཁྲིགས་པ། ཡང་མཚམས་མཚམས་ལ་གློག་མར་འཁྱུག་ཅིང་འབྲུག་སྒྲ་ལྡིར་བ་དང་དྲག་ཆར་འབབ་པ་རེད། དོན་དངོས་ཐོག་སྤྲིན་པ་གང་ཞིག་ཡིན་རུང་ཚང་མ་བགྲང་ལས་འདས་པའི་ཆུ་ཐིགས་ཆུང་བ་(ཡང་ན་འཁྱགས་ཞུན་ཆུང་བ)མཉམ་དུ་འདུས་ནས་གྲུབ་པ་རེད། ཆུ་ཐིགས་སམ་འཁྱགས་ཞུན་ཆུང་བ་དེ་དག་ཚང་མ་རླངས་པ་དྲིལ་ནས་བྱུང་བ་རེད། རླངས་པ་འདུས་ན་སྤྲིན་ལ་འགྱུར་ལ། སྤྲིན་པ་ཐོར་ན་སླར་ཡང་རླངས་པར་འགྱུར། དེ་ལྟར་རླངས་པ་འདུ་བ་དང་ཐོར་བའི་རྣམ་པ་དང་ཆོས་ཉིད་མི་འདྲ་བས། ནམ་མཁའི་དབྱིངས་སུ་སྤྲིན་པ་འདྲ་མིན་སྣ་ཚོགས་བྱུང་བ་རེད།

སྤྲིན།

གསལ་བཤད།

མཐོ་སྤྲིན།

སྤྲིན། 
མཐོ་སྤྲིན།

ནམ་མཁའི་སྤྲིན་ནི་མཐོ་དམའ་ལྟར་མཐོ་སྤྲིན་བར་སྤྲིན་དམའ་སྤྲིན་གསུམ་དུ་དབྱེ་ཡོད། མཐོ་ཚད་སྨིས་༥༠༠༠~༡༣༠༠བར་ཡོད་པ་ལ་མཐོ་སྤྲིན་ཟེར། མཐོ་སྤྲིན་གྱི་དྲོད་ཚད་དམའ་ལ། ཚང་མ་ཕྲ་ཞིང་ཆུང་བའི་འཁྱགས་ཟེགས་ཀྱིས་གྲུབ་པ་ཡིན་པས། ས་ངོས་ནས་བལྟས་ན་དེ་ལ་དར་སྲི་ལྟ་བུའི་འོད་མདངས་ཡོད། སྤྲིན་འདིའི་གྲས་ཧ་ཅང་སྲབ་པས་དེ་ལས་ཆར་པ་འབབ་མི་སྲིད། བང་རིམ་ཅན་གྱི་མཐོ་སྤྲིན་ལ་རིམ་འཁྱིལ་སྤྲིན་པ་ཟེར་བ་དང་། རྡོག་པོ་ཅན་གྱི་མཐོ་སྤྲིན་ལ་བསགས་འཁྱིལ་སྤྲིན་པ་ཟེར། རིམ་འཁྱིལ་སྤྲིན་པའི་གཟུགས་དེ་བང་རིམ་སྙོམ་པོར་ཡོད་པས། སྤྲིན་གསིང་ནས་ཉི་ཟླའི་མུ་ཁྱུད་མཐོང་ཐུབ་པ་དང་། སྐབས་འགར་ཉི་ཟླའི་མཐའ་འཁོར་དུ་འོད་གོར་ཞིག་འབྱུང་བ་དེ་ནི་ཉི་འཁྱིམས་ཡིན​།

བར་སྤྲིན​།

སྤྲིན། 
བར་སྤྲིན​།

བར་སྤྲིན་གྱི་སྤྲིན་འོག་གི་མཐོ་དམན་སྤྱིར་བཏང་སྨིས་༢༠༠༠~༧༠༠༠ཡས་མས་ཡོད་པ་དང་། དེའི་སྟོད་རྒྱུད་ཕལ་ཆེར་འཁྱགས་ཟེགས་དང་ཡང་ན་དྲོད་ཚད་ཀླད་གོར་འོད་ཏུ་ཡོད་ཀྱང་འཁྱགས་པ་མ་བརྒྱབ་པའི་ཆུ་ཐིགས་ལས་གྲུབ་ལ། སྨད་རྒྱུད་ཕལ་ཆེར་ཆུ་ཐིགས་ལས་གྲུབ་ཡོད། བར་སྤྲིན་མཐུག་ན་ཆར་ཆུ་འབབ་སྲིད། བར་སྤྲིན་ནི་རིམ་སྤྲིན་མཐོབ་(རིམ་པ་ཅན་)དང་བསགས་སྤྲིན་མཐོ་བ་(རྡོག་པོ་ཅན་)རིགས་གཉིས་སུ་དབྱེ་ལ། མདོག་དཀར་པོ་དང་ཡང་ན་སྐྱ་བོར་སྣང་བ་དང་། ལ་ལ་སྤྲིན་གསེབ་ནས་ཨ་སྔོན་གནམ་མཐོང་ཐུབ།

དམའ་སྤྲིན།

སྤྲིན། 
དམའ་སྤྲིན།

དམའ་སྤྲིན་གྱི་སྤྲིན་འོག་གི་མཐོ་དམན་སྤྱིར་བཏང་དུ་སྨིས་༢༠༠༠གི་མན་ཡིན། དམའ་སྤྲིན་གྱི་ཁ་མདོག་མང་ཆེ་བ་སྐྱ་བོ་དང་ཡང་ན་སྐྱ་ནག་ཡིན། དམའ་སྤྲིན་ནང་གི་ཆར་རིམ་སྤྲིན་དང་ཆར་བསགས་སྤྲིན་ཚང་མ་ལས་ཆར་འབབ་སྲིད། འོན་ཀྱང་རིམ་བསགས་སྤྲིན་དང་དམའ་སྤྲིན་གཞན་ལས་སྤྱིར་བཏང་ཆར་འབབ་མི་སྲིད། ཆར་རིམ་སྤྲིན་གྱི་ཆར་འབབ་ཡུན་རིང་ལ་ཆར་ཚད་ཆུང་། ཆར་བསགས་སྤྲིན་གྱི་ཆར་འབབ་ཡུན་ཐུང་ལ་ཆར་ཚད་དྲག་པོ་ཡོད།

པར་རིས་བར་འཁྱམས།

སྤྲིན། 

ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག:

དཔྱད་གཞིའི་དཀར་ཆག

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

སྤྲིན། གསལ་བཤད།སྤྲིན། པར་རིས་བར་འཁྱམས།སྤྲིན། ཟིན་ཐོ་འམ་དཔྱད་གཞི།སྤྲིན། དཔྱད་གཞིའི་དཀར་ཆགསྤྲིན། ད་དུང་གཟིགས།སྤྲིན། ཕྱི་ཕྱོགས་དྲ་མཐུད།སྤྲིན།

🔥 Trending searches on Wiki བོད་སྐད:

དཔལ་འབྱོར་རིག་པ།ཇ་སྲུབ་མ།སྒྲ་རིག་པཔེ་ཅིང་རྒྱུད་གཉིས།བསམ་ཡས་དགོན།ཞོ་ཁོགརྟ།ལོངས་སྐུའི་རྒྱན་ཆས་བདུན་ནད་དུག་ཨན་ཇེ་ལ་མེར་ཁེལ།རིང་བསྲེལ་།རྒྱ་གླིང་།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་ཉི་ནུས།ཟླ་༤ཚེས་༦ཉིན་དབྱིན་ཡིགསད་ཀྱིས་བཅོམ་པའི་མེ་ཏོགསྨན་བླ།འབྲུག་ཡུལ།དོམ།ཀ་བཞི་གདུང་བརྒྱདཚོང་དཔོན་ནོར་བུ་བཟང་པོ་ཕོ་ལན།རབ་བྱུང་བརྩི་ཚུལ་ལག་གཡེམ།རྒྱ་གར་ཆོས་འབྱུང་བོད་ཀྱི་རྒྱལ་རབས་རྒྱལ་སྲས་ལག་ལེན།གྲི་རྩེད།ས་སྐྱའི་ལེགས་བཤད་རྩ་འགྲེལ་མོ་ཟ་རེལ་ལ། (ཆུར་བ།)རྣམ་པར་སྣང་མཛད།ཀློང་བཤགས་བརྗོད་པ་རང་གྲོལ་དཀྱིལ་འཁོར།ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་།ད་ལྟའི་བྱ་བ།ཧོ་མུར།གུ་རུའི་རྣམ་ཐར།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།རྔག་དཔོན་གཉེན་པོ་སྟོབས་བཞི་བཀྲ་ཤིས་བརྒྱད་པལུས་རྟེན་བཟང་པོའི་འབྱོར་བ་བཅུ་རྣམ་ཐར་སྒོ་བཞི་མྱང་རལ་ཉི་མ་འོད་ཟེར་སྲིད་པའི་འཁོར་ལོ་ཆོས་ཀྱི་བདག་མེད་ཨ་འབྲུམ།མངོན་རྟོགས་རྒྱན་ཞི་མི།ཟླ་༨ཚེས་༢༩ཉིན་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གཟའ་ཉི་མ།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།སྨན་བཟང་པོ་དྲུགམངོན་པ་སྡེ་བདུན་མ་ཁ།ཏུར་ཀི།གསང་བ་སྙིང་པོ་ཀྲོང་གསར་གི་ས་ཁོངས།ར་རྒོད།བྱ།རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།སྔགས་དྲུག་ཕྱག་དྲུག་གི་འགྲེལ་བཤད།བདེ་ཆེན་དབང་མོ།🡆 More