རོང་པ་ཤེས་རབ་སེང་གེ།

རྗེ་འདི་ཉིད་ཡབ་རོང་པོ་རྒ་ལོ་བའི་སྲས་སུ་རབ་བྱུང་བཞི་པའི་ལྕགས་ཕག(༡༢༥༡)ལོར་སྐུ་བལྟམས། སྐུ་ན་ཕྲ་མོ་ནས་འབྲི་ཀློག་ལ་འབྱོངས་ཤིང་དུས་འཁོར་སློབ་གཉེར་མཛད། དགུང་ལོ་བཅུ་དྲུག་པ་ལ་དུས་འཁོར་གསུང་ཐུབ། དགུང་གྲངས་ཉི་ཤུ་ལ་ཕེབས་སྐབས་ཐར་བར་ཕེབས་ནས་དཔྱལ་པའི་ཆོས་རྣམས་ཞུས། དགུང་ལོ་ཉི་ཤུ་རྩ་གཉིས་ལ་སྟག་སྡེ་སངས་རྒྱས་ཀྱི་དྲུང་དུ་བྱོན་ཏེ་ལོ་ལྔའི་རིང་ཕར་ཚད་ལ་སྦྱངས། ལྷག་པར་དུ་ཚད་མ་ལ་མཁས་པར་འགྱུར་ནས་དབུས་གཙང་དུ་གྲྭ་སྐོར་མཛད། དགུང་གྲངས་སུམ་ཅུ་པ་ལ་བླ་མ་ཆོས་རྒྱལ་འཕགས་པ་དང་མཁན་པོ་མཆིམས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ནས་ཆོས་མང་དུ་གསན། དེ་ནས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་རྡོ་རྗེ་ཕྲིང་བའི་དབང་། འཇམ་དཔལ་རྩ་རྒྱུད་སོགས་རྒྱུད་དང་སྨན་དཔྱད་ཡན་ལག་བརྒྱད་པ་ལ་སོགས་པ་གསན་སྦྱོང་དཔྱིས་ཕྱིན་མཛད། དབེན་དམར་གྱི་གདན་ས་མཛད་དེ་བཤད་པ་ཡུན་རིང་གནང་། གཞན་ཡང་ཐར་པ། ཁྲོ་ཕུ། བསམ་ཡས། སྟག་ལུང་། གཞུ་ཀུན་དགའ་ར་བ། ཤངས་རྩེ་གདོང་། ཆུ་མིག། སྟོན་མོ་ལུང་། གཡུས་དགའ་ལྡན་ལ་སོགས་པར་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་ཞེ་གཅིག་པར་དབེན་དམར་གྱི་གདན་ས་བླ་མ་རྡོ་རྗེ་རྒྱན་མཚན་ལ་གཏད་ནས་དམུ་རུ་ལ་ཕེབས། ཤམྦྷར་བཏབ་ནས་གཙུག་ལག་ཁང་བཞེངས་།རྒྱུད་འབུམ་དང་འདུལ་བ་ལུང་བཞེངས་ཏེ་སེམས་ཅན་མང་པོའི་དོན་མཛད། དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

སློབ་གྲྭ་ཆེན་མོ།རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་མིང་ལ།རྒྱ་ནག་གི་རྒྱལ་པོ་སུང་གུང་ཏིཚན་རིགབརྩེ་དུང་།འཁོར་བ།ཝིར་ཇི་ནི་ཡ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།ཤུགས་འཁོར།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་དགེ་འདུན་ཆོས་འཕེལ།འབྲུ་རིགས།པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ལ་ཊ་ཝིཡ།མི་སྟེགས་པའི་ལྟ་བ་ངན་པ་བཅུ་དྲུགནང་སངས་རྒྱས་པའི་དར་ཆ་ནུ་མ།རིན་ཆེན་གཡུ་རྙིང་ཉེར་ལྔ་སྨོན་ལམ་བོད་ཡིག་ཡིག་གཟུགས།ཞི་བདེ་རྒྱ་མཚོ་ཆེན་པོ།གླུད་མེ་ཌི་ཊྲེ་ནི་ཡིན་རྒྱ་མཚོ།རྒྱུ་སྐར་ཉེར་བརྒྱད།བཀའ་འགྱུར།༢༠༤༧ལོ།ཁྲི་སྙན་ས་ལེ།ཀྲེ་ནེ་ཝ།ཡོན་ཏན་གཞིར་གྱུར་མ་ཨ་ཡུ་པར་པ་ཏ།དངུལ་ལོར།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ནི་ཇར།ཆུ་བཞི་སྒང་དྲུག་སྔགས་ཀྱི་དགའ་བ་བཞི་ལེན་རྒྱུད།བཙན་པོའི་བང་སོ།ཏོའོ་ཅོའོ་ཆོས་ལུགས།ཞེ་ཆེན་དགོན།ཨོ་ཧེའོ།རྒྱལ་རྩེ་ཟླ་༡ཚེས་༡༤ཉིན་ཁྲི་ཆེན་རྒྱལ་མཚན་སེང་གེ་༢༠༠༤ལོ།ཏོ་རི་ལུང་བཙན​།སྨིན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་ཧྥ་རན་སིའི་སྐད།སྙིང་ཐིག་སྔོན་འགྲོ་རྣམ་པར་རེག་བྱེད་མ་ཡིན་པའི་གཟུགས་སྒྲོལ་མའི་ལོ་རྒྱུས་བོད་ཀྱི་སྐད་ཡིག།རྒྱལ་སྲས་ལག་ལེན།༡༩༩༠ལོ།ནི་ཇི་རི་ཡ།གཟའ་སྐར་རིག་པ།ས་སྐྱའི་ལེགས་བཤད་རྩ་འགྲེལ་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྣམ་གསུམ་བཤད་པ་ཤེར་སྙིང་བདུད་བཟློག་ཆོ་ག་གྲངས་ཀྱི་མངོན་བརྗོད་གསལ་བའི་སྒྲོན་མེ།མི་ཆོས་གནད་ཀྱི་ཕྲེང་པ་སི་ལོ་ཝེ་ནི་ཡ།ཚ་རོང་ཟླ་བཟང་དགྲ་འདུལ་བཙན་པོ་རིམ་བྱོན་གྱི་མཚན་བྱང་།ཆོས་ཀྱི་བདག་མེད་ཀུན་ཏུ་བཟང་པོ་སངས་རྒྱས་པ་མར་ཁུའུ་སེ་ཨའུ་རེ་ལིའུ་སེ།ཟླ་༤ཚེས་༢༧ཉིན་ཁམས་བཅོ་བརྒྱད་མགྲིམ་སྔོན་ཟླ་བ་ཁེ་ཋ་ལོ་ནྱི་🡆 More