མུ་ཧ་མད།

མུ་ཧ་མད་ནི་དབྱི་སི་ལམ་ཆོས་ལུགས་ཀྱི་གཞི་འདིངས་མཁན་དང་། ཁོང་གིས་ཁུ་རན་གསུང་རབ་ནི་ལྷ་མོ་གེབ་རི་ཨེལ་གྱི་ཁོ་བོར་ངག་ཐོག་ནས་བརྗོད་པ་ཡིན་ཞེས་སྲུང་གི་ཡོད་པ་རེད།

མུ་ཧ་མད།
མུ་ཧ་མད།

མུ་ཧ་མད།

མུ་ཧ་མད་ནི་དབྱི་སི་ལམ་ཆོས་ལུགས་ཀྱི་གཞི་འདིངས་མཁན་དང་། ཁོང་གིས་ཁུ་རན་གསུང་རབ་ནི་ལྷ་མོ་གེབ་རི་ཨེལ་གྱི་ཁོ་བོར་ངག་ཐོག་ནས་བརྗོད་པ་ཡིན་ཞེས་སྲུང་གི་ཡོད་པ་རེད།

མུ་ཧན་མུ་ཏི་ནི་ད་ལྟ་དུས་རབས་༢༡གི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་གསུམ་གྱི་ཡ་གྱལ་དབྱི་སི་ལན་གྱི་སྟོན་པ་རེད། དེའང་དབྱི་སི་ལན་ནི་ཨ་རབ་ཀྱི་སྐད་དེ། རྗེས་འབྲངས་དང་ཞི་བདེའི་དོན་ཡིན་པ་དང་། ཆོས་ལུགས་དེར་དད་པ་བྱེད་མཁན་ལ། མུ་ས་ལེམ་ཟེར་བ་ལ། ཨ་རབ་སྐད་དུ་རྗེས་འབྲངས་པ་ཞེས་པའི་དོན་རེད།
མི་སྣའི་ཡིག་ཚགས།

བོད་ཡིག་མིང་། མུ་ཧན་མད
རྒྱ་ཡིག་མིང་། 穆罕默德
ཨ་རབ་ཡི་གེའི་མིང་། محمّد
ལ་ཏིང་ཡི་གེའི་མིང་། Muḥammad
མི་རིགས། ཨ་རབ།
རྒྱལ་ཁོངས། ཨ་རབ།
ཡབ། ཨ་པུ་ཏུ་ལ།
ཡུམ། ཨ་མི་ན།
སྐྱེས་ལོ། སྤྱི་ལོ་༥༧༠ལོའི་༤ཚེས་༢༡
སྐྱེས་ཡུལ། མ་ཁ།
གོ་ས། ཨན་ལའི་ཕོ་ཉ། དབྱི་སི་ལམ་གྱི་སྟོན་པ།
ཆོས་གཞུང་། ཁུ་རན་གསུང་རབ་དང་། ལྷའི་བསླབ་བྱ།

ཁོ་རང་ནི་དུས་རབས་༧རུ། ཨ་རབ་ཕྱེད་གླིང་གི་མ་ཁའི་ཡུལ་གྱི་ཉམས་རྒུད་དུ་འགྱུར་བའི་སྐུ་དྲག་ཅིག་གི་ཁྱིམ་དུ་སྐུ་འཁྲུངས་པ་དང་། ཡབ་ནི་ཁོང་མ་སྐྱེས་གོང་ནས་འདས་ཚར་བ་དང་། ཡུམ་ཡང་ཁོང་ལོ་ན་དྲུག་གི་སྐབས་སུ་གྲོང་པས། ཁོང་། ཆུང་དུས་ནས་ཨ་ཁུས་བདག་སྐྱོང་བྱས་ནས། ཕྱུགས་རྫི་དང་། ཚོང་ལས་རུ་ཁག་གི་རྔ་མོང་འདེད་མཁན་བྱས། དེའི་སྐབས་སུ། ཡེ་ཤུའི་ཆོས་ལུགས་དང་། ཡ་ཧུ་ད་པའི་ཆས་ལུགས་ལ་སློབ་སྦྱོང་བྱས་སྐད། ཁོ་རང་ལོ་ཉེར་ལྔའི་སྐབས་སུ། ཡུགས་མོ་ཕྱུག་པོ་ཞིག་དང་ཆང་ས་བརྒྱབ་ནས། འཚོ་བ་ཇེ་བཟང་དུ་ཕྱིན། དེ་ནས། མ་ཁའི་ཉེ་འདབས་ཀྱི་ཞི་ལ་ཞེས་པའི་རི་ངོས་ཀྱི་བྲག་ཕུག་ཅིག་ཏུ། ཕོ་ཉ་ཀྲེ་པུ་ལུ་ཡེས་ཁུ་རན་གསུང་རབ་བསྟན་ཏེ། ལྷ་གཅིག་པུ་ཨན་ལའི་ལུང་བསྟན་ཐོབ་ནས། ལྷའི་ཕོ་ཉའི་གོ་འཕང་ཐོབ་སྐད། དེ་ནས་དངོས་སུ་དབྱི་སི་ལེམ་གྱི་ཆོས་ལུགས་བརྒྱུད་བསྒྲགས་བྱེད་མགོ་བརྩམས། དེའང་མ་ཁའི་སྐུ་དྲག་མང་པོ་ཞིག་ནི་སོ་སོ་ལ་དད་པའི་ལྷ་རེ་ཡོད་པས། ཁོ་ཚོས་མཐའ་གཅིག་ཏུ་མུ་ཧན་མུད་ཀྱི་ལྷ་གཅིག་སྨྲ་བའི་ལྟ་བ་ལ་དགག་པ་ཚ་མནན་བརྒྱབ་པས། སྤྱི་ལོ་༦༢༢ལོར། ཁོང་སློབ་འཁོར་ཁ་ཤས་ཁྲིད་དེ་མེ་ལྡི་རུ་བྲོས་བྱོལ་ཕྱིན། དེ་ནས་མེ་རྡིའི་གནའ་གནོན་མྱོང་མཁན་གྱི་ཞིང་པ་དང་ལག་ཤེས་བཟོ་པ་རྣམས་ལ་ཆོས་བསྒྲགས་ནས་དེ་ཚོ་ཁོང་གི་རྗེས་སུ་འབྲངས། ཁོ་རང་ཅུང་སྟོབས་དང་ལྡན་པས། སྤྱི་ལོ་༦༣༠ལོར། དམག་ཁྲིད་དེ། མ་ཁའི་ཡུལ་དབང་དུ་འདུས། མ་ཁའི་ལྷ་ཁང་མང་པོ་བཤིག་ཅིང་། སྐར་རྡོ་ཞིག་ཡོད་པ་དེ་དབྱི་སི་ལམ་ཆོས་ལུགས་ཀྱི་མཆོད་པ་བྱེད་ཡུལ་དུ་གཏན་འཁེལ། དེ་རྗེས། མ་ཁའི་སྐུ་དྲག་མང་པོས། ཁོང་། ཆོས་ཀྱི་སྟོན་པ་དང་། དམག་གི་སྤྱི་དཔོན། རྒྱལ་ཁབ་ཀྱི་གོང་མ་ཡིན་པར་ཁས་ལེན་བྱས། དེ་ནས། ལྷ་གཅིག་ཨན་ལཱ་སྨྲ་བའི་དབྱི་སི་ལམ་གྱི་ཆོས་སྲིད་ཆིག་སྒྲིལ་གྱི་ལོ་རྒྱུས་འབྲི་འགོ་བཙམས་པ་རེད།

པར་རིས་བར་འཁྱམས།

ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

མུ་ཧ་མད། མི་ཚེ།མུ་ཧ་མད།ཁུ་རན་གསུང་རབ་གེབ་རི་ཨེལ་དབྱི་སི་ལམ་ཆོས་ལུགས་

🔥 Trending searches on Wiki བོད་སྐད:

ཚད་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།ཉི་མའི་ཁྱིམ་རྒྱུད།བརྩེ་ཆེན་ཀུན་དགའ་སྙིང་པོ།ཀུན་ཏུ་བཟང་པོ།ཁོར་ཡུགརང་དབང་།ཀུན་གཞི་ཟླ་༡༡ཚེས་༧ཉིན་རྒྱ་ཡིགདཔའ་ཤོད་རྫོང་།ཐོན་མིའི་ཞལ་ལུང་ཨ་རབ་སྐད།མགར་སྟོང་བཙན་ཡུལ་སྲུང༌།གྲངས་གནས་ཀྱི་ཀློག་སྟངས་མདོ་རྒྱུད་མཛོད་དག་ཡིགཨ་ཤོམ།གཙུག་གཏོར་རྣམ་རྒྱལ་མ།འཕགས་མ་སྒྲོལ་མ་ལ་བསྟོད་པ།ཁ་ཐོག་གི་ཆགས་སྦྱོར།རྟགས་ཀྱི་འཇུག་པ་སེན་གོའི་དུས་མཚམས་གནམ་བསྐོས་དགའ་ལྡན་ཕོ་བྲང་ཆགས་པ་མཐོ་རུ་འཕེལ་བ།མེ་ཏོག་ལུག་མིགབོད་ཡུལ།སངས་རྒྱས་ཀྱི་ས་ཆེན་པོ་མ་ཕམ་མཚོ།སྡོམ་གསུམ་རབ་དབྱེ་རྣམ་དབྱེ་བདུན་པ་གནས་གཞི་རྒྱལ་པོ་གཟུགས་ཅན་སྙིང་པོའི་འབུལ་བ་ཨེ་ཤེ་ཡ།རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན།བྱིས་སྒྲུང་ཆོས་མངོན་པའི་ལུགས་ཀྱི་སྣོད་བཅུད་གཉིས་ཁ་ན་ཌ།སྲིད་པ་འཁོར་ལོ་བཙན་བྱོལ་བོད་གཞུང་།སྤྱི་ཚོགས་རིག་པ།ཤིང་དཀྲོལ།སློབ་དཔོན་ཐུ་མི་སམ་བྷོ་ཊ།ལྕང་སྐྱ་རོལ་པའི་རྡོ་རྗེ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུགགནས་བརྟན་བཅུ་དྲུག་ཡིག་བརྒྱ་མ་ཕམ་གཡུ་མཚོ།འཛམ་གླིང་འཁྲུག་ཆེན་གཉིས་པ་མི་བཟོས་རིག་ནུས།སྐར་མ་སྨིན་དྲུགལུས་ངག་གི་ལས་འཕོ་བ་དྲན་པ་རང་གྲོལ་སྲིད་སྐྱོང༌།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ཕུར་བུ།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།བེ་རི་དགོན།ལག་གཡེམ།བླ་བྲང་དགོན།རྗེ་བཙུན་བསོད་ནམས་རྩེ་མོ།རིག་གནས་བཅུ།ཚེ་རིང་རྣམ་དྲུག་གངས་རིན་པོ་ཆེ།སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་སེལ་འོ་སུ་འན་གྱི་སྐདཤེས་རབ་སྙིང་པོ་བྱང་སྣེའི་མཚོ་བྱེའུ།རྡོ་བརྐོ་🡆 More